ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་ཧན་གོའི་ཚེས་དགུའི་ཉིན་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་སྤེལ་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་གཅིག་གྱུར་ལས་དོན་པུའུ་ཀྲང་ཀྲའོ་མེན་ཅོན་གྱིས་ཚེས་གཉིས་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ་བསྟན་དོན། ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པར་ཟླ་ངོ་གཅིག་མ་གཏོགས་མེད་པར་དམིགས་ནས། ཧན་གོའི་ཕྱོགས་ཀྱིས་ཚེས་དགུའི་ཉིན་ཧན་གོ་དང་ཁྲའོ་ཞན་གྱི་མཐའ་མཚམས་པན་མིན་མགྲོན་ཁང་གི་ཞི་བདེའི་གཞིས་ཁྱིམ་ནས་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་སྤེལ་ཏེ། ཁྲའོ་ཞན་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་ལས་དོན་ཐད་གྲོས་བསྡུར་བྱེད་རྒྱུའི་གྲོས་གཞི་བཏོན་ཡང་། ཁྲའོ་ཞན་ཕྱོགས་ཀྱིས་གནས་སྐབས་སུ་དེར་ལན་བྱིན་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།