ཀྲུང་གོ་བོད་ཀྱི་དྲ་བ།

ཀ་ཏ་མན་རྡུ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་རྒྱ་ཡིག་སྦྱོང་མཁན་སློབ་མ་ཁྲི་2ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀ་ཏ་མན་རྡུ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་སློབ་གླིང་བཙུགས་ནས་ལོ་10འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོགས་པ་རེད། སློབ་གྲྭ་དེའི་ཁུང་ཙི་སློབ་གླིང་གིས་འདས་པའི་ལོ་10ཡི་རིང་རྒྱ་ཡིག་སྦྱོང་མཁན་ནེ་པ་ལའི་སློབ་མ་ཁྲི2ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད།

ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྲིད་དོན་ཚན་ཙན་དབྱང་ཧྲེ་ཁྲའོ་མཛད་སྒོར་ཕེབས་པ་དང་འབྲེལ། སློབ་གླིང་གིས་འདས་པའི་ལོ་10ཡི་རིང་རྒྱ་ཡིག་སློབ་ཁྲིད་ཐད་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་གནང་ཞིང་། ཁོང་གིས་མི་རིང་བའི་གོང་ཀྲུང་གོ་དང་ནེ་པ་ལས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་ཡོད། སླད་ཕྱིན་རྒྱལ་ཁབ་གཉིས་པོས་ནུས་རྒྱུ་དང་། ཆུ་བེད་ཆུ་གློག ཞིང་ལས་སོགས་ཁྱབ་ཁོངས་སུ་མཉམ་ལས་དེ་བས་མང་བ་བྱ་རྒྱུ་ཡིན། དེ་ལས་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ནེ་པ་ལའི་གྲོགས་པོ་མི་རེ་ངོ་རེར་གར་སྟེགས་ཆེན་པོ་ཞིག་མཁོ་འདོན་ཐུབ་རྒྱུ་ཡིན་ཞེས་གསུངས་པ་རེད

 ཀ་ཏ་མན་རྡུ་སློབ་ཆེན་གྱི་རྒྱུན་ལས་སློབ་སྤྱི་གཞོན་པ་ཧྲེ་ལུའེ་སི་ཐེ་ཡིས་གཏམ་བཤད་སྤེལ་སྐབས། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་གཏན་འཁེལ་བྱེད་པ་ནི་གྲོས་མཐུན་འཇོག་པ་ཁོ་ན་མིན་པར་ད་དུང་དེའི་ཁྲོད་མི་སེམས་དང་དམངས་སེམས་ཚུད་ཡོད། སྐད་ཡིག་དང་། རིག་གཞུང་། རིག་གནས་བཅས་བརྒྱུད་ཁུང་ཙི་སློབ་གླིང་གིས་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་གཅིག་ཏུ་དམ་པོར་སྒྲིལ་རྒྱུ་ཡིན་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།