ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མའི་སྲིད་གཞུང་དང་སྤེལ་རེས་བྱས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ12ཚེས19ཉིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་འབར་མའི་མི་རིགས་ལས་དོན་པུའུ་དང་ཆོས་ལུགས་ལས་དོན་པུའུ། རིག་གནས་པུའུ་བཅས་སུ་བསྐྱོད་དེ་ཕྱོགས་གཉིས་ཀྱིས་མི་རིགས་ལས་དོན་དང་ཆོས་ལུགས་དང་རིག་གནས་ལས་དོན་བཅས་ཀྱི་ཐད་སྤེལ་རེས་བྱས་པ་རེད། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་འབར་མའི་ཆོས་ལུགས་ལས་དོན་དང་རིག་གནས་པུའུ་ཡི་དཔོན་བློན་ལ་བོད་ལྗོངས་ཀྱི་ཆོས་ལུགས་དང་རིག་གནས། དེ་བཞིན་ཀྲུང་གོས་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་ལག་ལེན་བསྟར་བའི་བྱ་ཐབས་སོགས་ངོ་སྤྲོད་བྱས་པ་རེད།

     ཀྲུང་གོ་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཚེས17ཉིན་འབར་མའི་རྒྱལ་ས་རང་ཀོང་དུ་འབྱོར་བ་མ་ཟད། རང་ཀོང་དུ་ཀྲུང་གོ་བོད་ཀྱི་རི་གནས་པར་རིས་འགྲེམས་སྟོན་ཡང་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།