ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཧོང་གི་དབུགས་བཞུགས་བློན་ཆེན་ཨན་པེ་ཡིས་ཉི་ཧོང་དང་ཀྲུང་གོའི་བར་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་གཏོང་འདོད་ཡོད་ཅེས་བསྟན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ12ཚེས19ཉིན། ཉི་ཧོང་གི་དབུགས་བཞུགས་བློན་ཆེན་ཨན་པེ་ཡིས་ཐོ་ཁེའོ་ཏུ་གཏམ་བཤད་སྤེལ་དུས། སང་ལོར་ཉི་ཧོང་དང་ཀྲུང་གོའི་བར་གྱི་ཞི་བདེ་མཛའ་མཐུན་གྱི་ཆིངས་ཡིག་བཞག་ནས་ལོ་ངོ་40འཁོར་བ་གོ་སྐབས་དང་བསྟུན་ནས་ཉི་ཧོང་དང་ཀྲུང་གོའི་མཐོ་རིམ་བར་སྤེལ་རེས་བྱེད་རྒྱུར་སྐུལ་སྤེལ་བཏང་ནས་ཉི་ཧོང་དང་ཀྲུང་གོའི་བར་གྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད། 

     ཉེ་ཆར་ཨན་པེ་ཡིས་ཡུལ་དུས་འདྲ་མིན་ནས་ཉི་ཧོང་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདོད་པ་བསྟན་པ་རེད། ཟླ་11ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཞན་ཀང་དུ་ཉི་ཧོང་གི་དབུགས་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་མཇལ་འཕྲད་གནང་བ་རེད། ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ངོ་45འཁོར་བ་ཡིན་པ་དང་། སང་ལོར་ཀྲུང་གོ་དང་ཉི་ཧོང་བར་གྱི་ཞི་བདེ་མཛའ་མཐུན་གྱི་ཆིངས་ཡིག་བཞག་ནས་ལོ་ངོ་40འཁོར་བའི་ལོ་དེ་བསུ་རྒྱུ་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁ་ཕན་གཞིར་བཟུང་སྟེ་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་ཁ་ཕྱོགས་ཆེན་པོ་ཡང་དག་པར་བཟུང་ནས་འབད་བརྩོན་རྒྱུན་འཁྱོངས་ལྷོད་མེད་བྱེད་པར་བརྟེན་ནས་མཐུན་རྐྱེན་བསགས་ཏེ་ཀྲུང་གོ་དང་ཉི་ཧོང་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ་དང་ལེགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།