ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ལྷོ་ཕྱོགས་ས་ཁུལ་ནས་མེ་འཁོར་དང་སློབ་གྲྭའི་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་ཏུང་པུས་ལེ་ཉིག་སི་ཞིང་ཆེན་ནས་ཉིན་དེའི་ཕྱི་དྲོར་མེ་འཁོར་དང་སློབ་གྲྭའི་རླངས་འཁོར་ཐོ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་སློབ་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་བཞིར་རྨས་ཕོག་ཡོད་ཟེར།

ཏུང་པུས་ལེ་ཉིག་སི་ཞིང་ཆེན་སྲིད་གཞུང་གིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། དོན་རྐྱེན་ཚབས་ཆེན་དེ་ཞིང་ཆེན་དེའི་ལྕགས་ལམ་དང་གཞུང་ལམ་གྱི་བསྣོལ་མཚམས་ཤིག་ནས་བྱུང་བ་རེད་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་རྐྱེན་ལམ་དུ་ཤོར་བ་མང་ཤོས་ནི་སློབ་གྲྭའི་རླངས་འཁོར་དུ་སྡོད་པའི་སློབ་མ་ཡིན་པ་རེད། སློབ་གྲྭའི་རླངས་འཁོར་དེར་སློབ་འབྲིང་སློབ་མ་ཞེ་ལྔ་ནས་ལྔ་བཅུ་བསད་ཡོད་པ་དང་། དོན་རྐྱེན་དེ་ལས་སློབ་མ་བཞི་རྐྱེན་ལམ་དུ་ཤོར་བར་མ་ཟད་གཞན་ཡང་མི་ཉེར་གཅིག་ལ་རྨས་ཕོག མེ་འཁོར་སྟེང་ནས་མི་གསུམ་ལ་རྨས་ཡང་མོ་ཕོག་ཡོད་ཟེར།

དོན་རྐྱེན་འདིའི་འབྱུང་རྐྱེན་མིག་སྔར་གསལ་བོར་མི་ཤེས། ཧྥ་རན་སིའི་རྒྱལ་གཉེར་ལྕགས་ལམ་ཀུང་ཟིས་བསྟན་དོན། དོན་རྐྱེན་བྱུང་སྐབས་མེ་འཁོར་གྱི་མྱུར་ཚད་དུས་ཚོད་རེར་སྤྱི་ལེ་བརྒྱད་ཅུ་ཡིན་པ་དང་། རྒྱུན་ལྡན་གྱི་མྱུར་ཚད་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།