ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཨ་མེ་རི་ཁས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་བར་སྣང་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་མཁའ་དམག་གིས་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་དང་མཉམ་དུ་ཚབ་མིང་ལ་དོགས་ཟོན་ཆེན་མོ་ཞེས་པའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་གྱི་བར་སྣང་དམག་དོན་སྦྱོང་བརྡར་སྤེལ་བ་དང་། གནམ་གྲུ་ཉིས་བརྒྱ་དང་སུམ་ཅུ་དང་དམག་མི་ཁྲི་གཅིག་དང་སྟོང་གཉིས་ཙམ་དམག་དོན་སྦྱོང་བརྡར་ལ་ཞུགས།

ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པས་ཚེས་བཞིའི་ཉིན་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་ཧན་གོ་དང་ཨ་མེ་རི་ཁས་ལོ་རེར་སྤེལ་བཞིན་པའི་རྒྱུན་ལྡན་གྱི་འགོག་སྲུང་རང་བཞིན་གྱི་དམག་དོན་སྦྱོང་བརྡར་ཡིན་པ་དང་། ཧན་གོའི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཞི་བའི་སྒོ་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཐེངས་འདིའི་དམག་དོན་སྦྱོང་བརྡར་ཟླ་འདིའི་ཚེས་བརྒྱད་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། ཧན་གོའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདི་ནི་ཧན་གོ་དང་ཨ་མེ་རི་ཁའི་ད་ལྟའི་བར་གཞི་རྒྱ་ཆེས་ཆེ་བའི་བར་སྣང་དམག་དོན་སྦྱོང་བརྡར་ཐེངས་ཤིག་རེད་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཧན་གོ་དང་ཨ་མེ་རི་ཁས་བར་སྣང་འགུལ་སྐྱོད་སྤེལ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་ཡིན་པ་དང་། སྦྱོང་བརྡར་སྐབས་སུ་འཐབ་འཁྲུག་གི་ལད་བཟོའི་འཐབ་ར་མང་བོ་ཡོད་པ་དང་། གནད་ལ་ཕོག་པའི་ཆམ་ཕབ་སོགས་འདུས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།