ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་སོ་མཱ་ལིའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་སོ་མཱ་ལིའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས་ནས་དྲག་ཆས་ཉེས་ཅན་གཅིག་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་ཡས་མས་སུ་སོ་མཱ་ལིའི་བྱང་ཤར་ཕྱོགས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས་པ་རེད། གསལ་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལི་རུ་མངག་པའི་ཆེད་མངག་ཚོགས་པ་དང་སོ་མཱ་ལིའི་བདེ་འཇགས་དམག་དཔུང་བར་མཉམ་ལས་བྱས་ཏེ། འཇིགས་སྐུལ་ཉེས་ཅན་དང་དེའི་རྟེན་གཞིར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།