ཀྲུང་གོ་བོད་ཀྱི་དྲ་བ།

སི་ཕེན་གྱི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་གཞོན་ནུ་ལོ་ཆུང་གི་རྒྱ་ཡིག་གཏམ་བཤད་འགྲན་བསྡུར་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། “ཕྱི་རྒྱལ་གྱི་མི་ཚོགས་ཁྲོད་དུ་རང་ཉིད་ནི་ཀྲུང་གོ་བ་ཞིག་ཡིན་པར་སྤོབས་པ་སྐྱེ་གི་འདུག” ཀྲུང་གོའི་ཕུགས་འདུན་ནི་ངའི་ཕུགས་འདུན་ཡིན། གྲོང་ཁྱེར་མ་ཏེ་རིའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་རྒྱ་ཡིག་སློབ་གྲྭའི་ལོ་15ལ་སླེབས་པའི་སློབ་མ་ཀྲང་ལིན་ལི“ང་ནི་ཕུལ་བྱུང་གི་གཏམ་བཤད་པ་ཞིག་ཡིན”ཞེས་པའི་གཏམ་བཤད་འགྲན་བསྡུར་ནང་ཞུགས་སྐབས་གོང་གསལ་གྱི་སྐད་ཆ་དེ་བཤད་བྱུང་།

གཏམ་བཤད་འགྲན་བསྡུར་དེ་གྲོང་ཁྱེར་མ་ཏེ་རིའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་སི་ཕེན་གྱི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་ཞིག་དང་ཨའོ་ཧྭ་སྨྱན་སྦྱོར་ཚོགས་པས་ཇུས་འགོད་སྒྲུབ་འགན་འཁུར་བ་ཞིག་རེད། གྲོང་ཁྱེར་མ་ཏེ་རི་དང་པཱ་ལོན་ཤི་ཡཱ་སོགས་རང་སྐྱོང་ལྗོངས་ཀྱི་རྒྱ་ཡིག་སློབ་གྲྭ་8ཀྱི་བདམས་ཐོན་པ28འགྲན་བསྡུར་ནང་ཞུགས་ཡོད་པ་རེད། བདམས་ཐོན་པའི་ནང་ལོ་ཆེ་ཤོས་ནི་ལོ17ཡིན་པ་དང་ལོ་ཆུང་ཤོས་ནི་ལོ6ཡིན་པ་རེད།གྲོང་ཁྱེར་མ་ཏེ་རིའི་ཀྲུང་གོའི་རིག་གནས་སློབ་གླིང་གི་སློབ་མ་ཞུས་ཅུན་གྱིས་གཏམ་བཤད་བྱེད་སྐབས་ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་ཤེས་རྟོགས་བྱུང་ཚུལ་བཤད་ཅིང་། བུ་མོ་དེས“རྒྱུད་གཅིག་ལམ་གཅིག”གིས་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་དེ་ནི་འབྱོར་ཕྱུག་གི་ཕྱོགས་སུ་བསྐྱོད་པའི་འགྲོ་ལམ་ཞིག་རེད་ལ་རེ་བའི་ལམ་བུ་ཞིག་ཀྱང་རེད། འདི་ལོ་ང་ལོ15ལ་སླེབས་པ་དང་། ངས་སི་ཕེན་གྱི་སྐད་དང་རྒྱ་སྐད་ཤེས་ཀྱི་ཡོད། ངས་གསར་འགོད་པ་ཞིག་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་གནས་ཚུལ་བཀོད་རྒྱུ་ཡིན་ཞེས་བཤད།ལོ14ལ་སླེབས་པའི་བདམས་ཐོན་པ་རོན་ཡུས་ཤོན་རྒྱ་ཡིག་ལ་ཧ་ཅང་དགའ་པོ་ཡོད། བུ་དེས་རྒྱ་ཡིག་ནི་སྐད་ཡིག་ཙམ་ཞིག་མིན་པར་དེའི་ནང་ལོ་རྒྱུས་དང་རིག་གནས་མང་པོ་བསྡུས་ཡོད། རྒྱ་སྐད་སྦྱོང་སྐབས་ང་ལ་སྤྲོ་སྣང་གི་སྣང་བ་ཞིག་ཡོང་གི་འདུག་ཅེས་བཤད།

ལོ11ལ་སླེབས་པའི་ཀྲང་ཨན་ཏི་ནི་འགྲན་བསྡུར་ནང་ཞུགས་མཁན་བུའི་བདམས་ཐོན་པ་ལྔའི་ནང་ནས་གཅིག་ཡིན་པ་དང་། རྒྱ་ཡིག་སྦྱངས་ནས་ལོ་5འགྲོ་གི་ཡོད། ཁོང་གིས་ང་སི་ཕེན་དུ་སྐྱེས་ནས་འཚར་ལོངས་བྱུང་བ་དང་ལོ་2ལ་སླེབས་དུས་ཀྲུང་གོར་ཐེངས་གཅིག་ལོག་མྱོང་ཡོད་ཅེས་བཤད། ངའི་པཱ་ལགས་དང་ཨ་མ་ལགས་ཀྱིས་ང་ལ་ཕྱི་རྒྱལ་དུ་སྐྱེས་རུང་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པ་ནམ་ཡང་བློ་ལ་ངེས་དགོས། རྒྱ་ཡིག་ཡག་པོ་སྦྱངས་ན། དེ་བས་ལེགས་པའི་སྒོ་ནས་རང་ཉིད་ཀྱི་མེས་རྒྱལ་ཤེས་རྟོགས་ཐུབ་སྲིད་ཅེས་ཤོད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། སི་ཕེན་དུ་རྒྱ་སྐད་སྦྱོང་མཁན་རིམ་གྱིས་མང་དུ་འགྲོ་བ་དང་རྒྱ་ཡིག་གི་སློབ་གསོའི་གཞི་ཁྱོན་ཡང་རིམ་གྱིས་ཆེ་རུ་ཕྱིན་ཡོད། མིག་སྔར་སི་ཕེན་གྱི་སློབ་ཆེན8ལ་ཁུང་ཙི་སློབ་གླིང་བཙུགས་ཡོད་པ་དང་། སློབ་འབྲིང་དང་སློབ་ཆུང9ལ་ཁུང་ཙི་སློབ་ཚན་འཁྲིད་ཀྱི་ཡོད་པ། གྲོང་ཁྱེར་མང་པོ་ཞིག་ལ་རྒྱ་ཡིག་སློབ་སྦྱོང་འཛིན་གྲྭ་བཙུགས་ཡོད་པ་བཅས་ས་གནས་དེ་གའི་རྒྱ་ཡིག་ཆེད་ལས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། མིག་སྔར་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་གཞོན་ནུ་ལོ་ཆུང་ཕུད་ལོ་ལྟར་སི་ཕན་དུ་རྒྱ་ཡིག་ཡིག་རྒྱུགས་ནང་ཞུགས་མཁན་མི8000ལྷག་ཙམ་ཡོད་པ་དང་ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་ལོ་མང་རིང་ཡོ་རོབ་ཀྱི་རྒྱལ་ཁབ་ཁག་གི་ནང་ནས་ཨང་དང་པོར་སླེབས་ཀྱི་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།