ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་སུའུ་ཏན་ལྷོ་མ་ནས་མི་ས་ཡ་དྲུག་ལྷག་ལ་ས་འོག་འགད་རྫས་སོགས་ཀྱི་འཇིགས་ཉེན་ཐེབས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་འོག་འགད་རྫས་རྩད་ཞིབ་འགུལ་སྐྱོད་ཁང་གིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་ལྷོ་མའི་མི་ས་ཡ་དྲུག་ལྷག་ས་འོག་འགད་རྫས་དང་འཐབ་འཁྲུག་གི་ཤུལ་བཞག་འགས་གཏོར་དངོས་རྫས་ཀྱི་འཇིགས་ཉེན་ཡོད་པའི་ས་ཁུལ་དུ་འཚོ་བ་རོལ་བཞིན་ཡོད་པ་དང་། ཆ་སྙོམས་ཟླ་རེར་རིགས་སྣ་ཚོགས་ཀྱི་འགད་རྫས་བརྒྱ་དང་ལྔ་བཅུ་རྙེད་བཞིན་ཡོད། འགད་རྫས་དེ་དག་གིས་མི་སེར་དཀྱུས་མ་དག་འཁྲུག་རྩོད་རྒྱུན་དུ་འབྱུང་བཞིན་པའི་ས་ཁུལ་ནས་ཕྱིར་འབྲོ་བར་བཀག་འགོག་ཐེབས་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དང་རྒྱལ་ཁབ་དེའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལའང་བཀག་རྒྱ་ཐེབས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།