ལེ་པཱ་ནུན་གྱི་ཙུང་ལི་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་བཞིན་པའི་ལེ་པཱ་ནུན་གྱི་ཙུང་ལི་ཧཱ་ལི་ལི་ཡིས་ཚེས་བཞིའི་ཉིན་ཙུང་ལིའི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས།

ཧཱ་ལི་ལི་ཡིས་ཉིན་དེར་ཨ་རབ་བརྙན་འཕྲིན་ཁང་བརྒྱུད་དེ་གཏམ་བཤད་སྤེལ་ནས། དབྱི་ལིང་གིས་ས་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱས་པ་དང་། ཨ་རབ་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས་ཏེ་ཨ་རབ་རྒྱལ་ཁབ་དག་རྨེག་མེད་དུ་གཏོང་རྩིས་ཡོད་པར་སྐྱོན་འཛུགས་བྱས། ཁོས་ད་རུང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ནི་དབྱི་ལིང་གི་ལེ་པཱ་ནུན་དང་ཨ་རབ་རྒྱལ་ཁབ་གཞན་པའི་གཤོག་ཟུང་ལྟ་བུ་ཡིན་པར་སྐྱོན་འཛུགས་བྱས།

ཧཱ་ལི་ལི་ཡིས་བསྟན་དོན། ལེ་པཱ་ནུན་གྱིས་ནང་ཁུལ་དང་ཕྱི་ཕྱོགས་ཀྱི་ཆབ་སྲིད་ཤུགས་རྐྱེན་ཁྱད་བསལ་བྱེད་ཐུབ་པའི་ཆོད་སེམས་དང་ནུས་པ་ཡོད་པར་ཡིད་ཆེས་ཡོད་ཟེར།

ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བཞི་ཉིན་གྱི་དགོང་མོར་བདེན་དཔང་བྱས་དོན། ཁོ་ལ་ཧཱ་ལི་ལིའི་ལས་ཁུར་དགོངས་ཞུ་བྱེད་པའི་ཁ་པར་འབྱོར་ཡོད་ཟེར།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།