འཇར་པན་གྱིས་ཟླ་བཅུ་གཉིས་པར་སའི་གོ་ལའི་དཔྱད་ཞིབ་འཁོར་སྐར་གཏོང་འཕེན་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་ཚན་རིག་ལས་དོན་ཁང་གིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན་ལུའུ་ཨར་ཏའོ་རྫོང་གི་ཀྲུང་ཙི་གླིང་ཕྲན་གྱི་མཁའ་འགྲུལ་ལྟེ་གནས་ནས་སའི་གོ་ལའི་མཁའ་དབུགས་ཇེ་དྲོར་འགྲོ་བར་དཔྱད་ཞིབ་བྱེད་པའི་འཁོར་སྐར་དང་བར་སྣང་དུ་དམའ་མོར་འཕུར་བའི་ཚོད་ལྟའི་འཁོར་སྐར་ཞིག་གཏོང་འཕེན་བྱེད་རྒྱུ་ཡིན་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། སའི་གོ་ལའི་དཔྱད་ཞིབ་འཁོར་སྐར་དེས་སྤྱི་ལེ་བརྒྱད་བརྒྱའི་བར་སྣང་ནས་དུས་ཡུན་རིང་བོར་སའི་གོ་ལ་ཧྲིལ་བོའི་སྤྲིན་རིམ་དང་རླུང་ཁམས་ཁྲོད་ཀྱི་རྡུལ་དང་གངས་འཁྱག་གི་རྒྱ་ཁྱོན། སྤང་ཤུན་དང་སྐྱེ་དངོས་སོགས་ཀྱི་རྣམ་པར་དཔྱད་ཞིབ་བྱས་ཏེ། ཧུར་ཐག་སྒོས་ཁོར་ཡུག་ལ་སའི་གོ་ལ་ཇེ་དྲོར་སོང་བ་ལས་བྱུང་བའི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ནས་སྔོན་དཔག་གི་ཡང་དག་ཚད་ཇེ་མཐོར་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།