ཀྲུང་གོ་བོད་ཀྱི་དྲ་བ།

​《ཀྲུང་གོའི་མྱུར་ཚད་——ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་ཀྱི་དངོས་བྲིས》ཀྱི་རྒྱལ་སྤྱིའི་མཉམ་ལས་དཔེ་སྐྲུན་གྲོས་མཐུན་ལ་ཧྥ་ལན་ཁོ་ཧྥུར་མིང་རྟགས་བཀོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      མི་དམངས་དྲ་བའི་འཕྲིན། ཟླ10ཚེས11ཉིན་ཀྲུང་གོ་ཕྱི་ཡིག་དཔེ་སྐྲུན་ཁང་གིས་ཧྥ་ལན་ཁོ་ཧྥུའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་69པའི་ཐོག་ཕྱོགས་ཁག་དང་མཉམ་དུ་དེབ་《ཀྲུང་གོའི་མྱུར་ཚད་——ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་ཀྱི་དངོས་བྲིས་》ཀྱི་འཇར་མན་ཡི་གེའི་པར་མ་དང་། ཨ་རབ་ཀྱི་ཡི་གེའི་པར་མ། ཨུ་རུ་སུའི་ཡི་གེའི་པར་མ་བཅས་ཀྱི་རྒྱལ་སྤྱིའི་མཉམ་ལས་དཔེ་སྐྲུན་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

     རྩོམ་པ་པོ་ཝང་ཞུང་གིས་བྲིས་པའི་སྙན་ཞུའི་བརྩམས་ཆོས་རིང་གྲས《ཀྲུང་གོའི་མྱུར་ཚད་——ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་ཀྱི་དངོས་བྲིས་》སུ་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་ཇི་མ་ཇི་བཞིན་བཀོད་ཡོད་ལ་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ལུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། 2016ལོར་ཕྱི་ཡིག་དཔེ་སྐྲུན་ཁང་གིས་ཀྲུང་དབྱིན་སྐད་ཡིག་གཉིས་ནས་དུས་གཅིག་ཏུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད།
     ཕྱི་ཡིག་དཔེ་སྐྲུན་ཁང་གིས《ཀྲུང་གོའི་མྱུར་ཚད་——ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་ཀྱི་དངོས་བྲིས་》རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ ཧྥ་རན་སེའི་ཡི་གེ རི་པིན་གྱི་ཡི་གེ་བཅས་ཡིག་རིགས་8ནས་རང་བརྟེན་དཔེ་སྐྲུན་བྱས་པའམ་ཡང་ན་མཉམ་ལས་དཔེ་སྐྲུན་བྱས་ཏེ་གོ་ལ་ཧྲིལ་པོར་འགྲེམས་སྤེལ་བྱེད་རྩིས་ཡོད་པ་རེད། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱོགས་ནས་ཆ་ཚང་བའི་ངང་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་སླར་ཡང་མངོན་པ་དང་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ལ་དབང་གྲགས་ལྡན་པའི་ངང་གསལ་འགྲེལ་བྱེད་པའི་གསར་འབྱེད་རྣམ་པའི་བརྩམས་ཆོས་ཐོག་མ་ཡིན་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།