ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་གོའི་ཕུགས་འདུན་ལས་འཛམ་གླིང་མི་དམངས་ལ་ཕན་བདེ་བསྐྲུན།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

"དུས་རབས21པའི་སྤྱི་ཚོགས་རིང་ལུགས"ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲོལ་གཏོད་པ་ཧའེ་དབྱིན་ཚེ·ཏི་ཐེ་ལི་ཞི་ལ་བཅར་འདྲི་ཞུས་པ།

མི་དམངས་དྲ་བའི་འཕྲིན། "དུས་རབས་21པའི་སྤྱི་ཚོགས་རིང་ལུགས"ཀྱི་རིགས་པའི་གཞུང་ལུགས་ཀྱི་སྲོལ་གཏོད་པ་མོ་ཞི་ཁོ་གྲོང་ཁྱེར་རང་སྐྱོང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧའེ་དབྱིན་ཚེ·ཏི་ཐེ་ལི་ཞིས་ཉེ་ཆར་པེ་ཅིང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་ཀྲུང་གོའི་ཕུགས་འདུན་གྱི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ཡིན་པ་དང་དེས་ཀྲུང་གོའི་མི་དམངས་ལ་ཕན་བདེ་སྐྲུན་པ་མ་ཟད། འཛམ་གླིང་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་རེད་ཅེས་བརྗོད།
ཁོང་གིས་འཛམ་གླིང་མི་དམངས་ཀྱིས་ཞི་བདེ་ཡོང་རེ་བྱེད་ཀྱི་ཡོད། ཀྲུང་གོས་རྒྱལ་ཁབ་དང་རྒྱལ་ཁབ་དབར་ཞི་བདེ་མཉམ་གནས་ལ་སྲུང་སྐྱོང་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་གྱི་ཡོད། དྲང་གཞག་དང་ཞི་བདེའི་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འཛུགས་པའི་ཁྲོད་ཀྲུང་གོས་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་པ་དང་། ཀྲུང་གོའི་ཕུགས་འདུན་ནི་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་ཕུགས་འདུན་ཞིག་ཡིན་པ་དེའི་ནང་དོན་ལས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད།
འདི་ལོ་ལོ་74ལ་སླེབས་པའི་ཏི་ཐེ་ལི་ཞི་འཇར་མན་དུ་འཁྲུངས་པ་དང་འཇར་མན་དུ་སློབ་ཆེན་འགྲིམས་རྗེས་མོ་ཞི་ཁོར་མུ་མཐུད་ཆབ་སྲིད་རིག་པའི་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་པར་བསྐྱོད་ཅིང་། ཁོང་ནི་ལ་ཏིང་མེ་གླིང་དང་ཐ་ན་འཛམ་གླིང་གི་ཁྱབ་ཁོངས་སུ་ཤུགས་རྐྱེན་ཆེ་བའི་སྤྱི་ཚོགས་རིག་པའི་མཁས་དབང་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཁས་དབང་ཞིག་རེད།
ཏི་ཐེ་ལི་ཞིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་ལ་གྲུབ་འབྲས་མངོན་གསལ་དོད་པ་ཐོབ་ནས་རེས་སྐོར་གོང་མའི་ཨ་རིའི་དམན་བུན་ཉམས་ཉེན་ལས་ཐོན་པའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་ཉེན་བཀག་འགོག་ནུས་ལྡན་ཐུབ་ཡོད། ནུབ་ཕྱོགས་ཀྱི་སྨྱན་སྦྱོར་འགས་ཀྲུང་གོའི་བུན་གན་གནད་དོན་གྱིས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་ཆག་རྒྱུའི་གཏམ་བརྗོད་སྤེལ་མོད། འོན་ཀྱང་དུས་ཚོད་ལས་ཀྲུང་གོའི་དཔལ་འབྱོར་སྲིད་ཇུས་ནུས་ལྡན་ཡིན་པའི་ར་སྤྲོད་ཐུབ་ཡོད་ཅེས་བརྗོད།
ཁོང་གིས་ཀྲུང་གོའི་དཔལ་འབྱོར་ལོ་ཤས་བསྟུད་མར་འཕར་ཚད་མྱུར་འབྲིང་རྒྱུན་འཁྱོངས་ཐུབ་པ་དང་། དཔལ་འབྱོར་གྲུབ་ཆ་ཕྱིར་གཏོང་བརྟན་པོ་ནས་ནང་མཁོ་སྐུལ་ཁྲིད་བར་བསྒྱུར་བ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་འགྱུར་བར་སྐུལ་འདེད་བཏང་བ་དང་འབྲེལ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དམིགས་བསལ་དངུལ་འདོན་དབང་ཆའི་དངུལ་ལོར་ནང་བཅུག་པ་དེ་དག་ནི་ཉེ་བའི་ལོ་ཤས་རིང་ཀྲུང་གོར་ཐོབ་པའི་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་དཔལ་འབྱོར་གྲུབ་འབྲས་ཡིན་པའི་ངོས་འཛིན་བྱེད།
སྤྱི་ཚོགས་འཛུགས་སྐྲུན་ཐད། ཏི་ཐེ་ལི་ཞིས་ཀྲུང་གོའི་འགོ་ཁྲིད་ཀྱིས་དབུལ་སྐྱོར་དཀའ་སེལ་ལས་དོན་ཐད་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རུལ་རྒོལ་ཐད་བྱེད་ཐབས་ནན་པོ་སྤྱད་པ་དེས་དམངས་སེམས་བརྟན་དུ་ཕྱིན་པ་དང་སྦྲགས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།
“རུལ་སུངས་ནི་སྤྱི་ཚོགས་གང་འདྲ་ཞིག་ཡིན་རུང་ཚང་མས་གཡོལ་ཐབས་བྲལ་བའི་ནད་རྐྱེན་མཁྲེགས་པོ་ཞིག་ཡིན་པ་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་སྲིད་གཞུང་མང་པོ་ཞིག་ལ་རུལ་སུངས་ཀྱི་གནད་དོན་ཐོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རུལ་སུངས་ཀྱིས་སྲིད་འཛིན་བྱེད་ཤུགས་དང་འགོ་ཁྲིད་བྱེད་ཤུགས་ལ་ཤུགས་རྐྱེན་ཐེབས་པ་ཡིན་པ་རྟོགས་པས་རུལ་སུངས་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་ཧ་ཅང་བརྟན་པོ་ཡོད”ཅེས་ཁོང་གིས་བརྗོད།
ཏི་ཐེ་ལི་ཞིས་ཨ་རི་དང་། ཡོ་རོབ་མནའ་འབྲེལ། ཨུ་རུ་སུ། ཀྲུང་གོ་བཅས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། སྣེ་མང་ཅན་གྱི་འཛམ་གླིང་ནི་ཐ་སྙད་ཙམ་མ་ཡིན་པར་མངོན་སུམ་དུ་ཆགས་ཡོད་པའི་ངོས་འཛིན་བྱེད།
ཁོང་གིས་ད་ཆའི་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་ཁག་གཉིས་པ་དང་འཛམ་གླིང་རང་བཞིན་གྱི་རྒྱལ་ཁབ་སྟོབས་ཆེན་གྱི་གྲས་ཤིག་ཡིན་པ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་གནས་བབ་གལ་ཆེན་བཟུང་ཡོད། ཀྲུང་གོས་བསམ་པའི་ཁྱབ་ཁོངས་ཐད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སྔར་བས་ཡག་པོ་འབུལ་ཐུབ་རྒྱུ་རེད་ཅེས་བརྗོད།
ཁོང་གིས“བློ་རིག་ལྡན་པ་དང་། འཐབ་ཇུས་ལྡན་པ། རྨང་གཞི་ཡོད་པ། སྟོབས་ཤུགས་ཆེ་བ”བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཀྲུང་གོར་འཛམ་གླིང་ཡོངས་ལ་ནུབ་ཕྱོགས་ཀྱི་མ་དཔེ་ནི་རྒྱལ་ཁབ་ཚང་མའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་གདམ་ག་གཅིག་པུ་དེ་མིན་ཞེས་ཤོད་པའི་འགན་འཁྲི་ཡོད་ཅེས་བརྗོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།