ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལས་ཕྱིར་འབུད་རྩིས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལས་ཕྱིར་འབུད་རྒྱུ་ཐག་བཅད་པར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། དབྱི་སི་རལ་ཡང་རྩ་འཛུགས་དེ་ལས་ཕྱིར་འབུད་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གསལ་སྒྲོག་ནང་བསྟན་དོན། ཨ་མེ་རི་ཁའི་ཆོད་དོན་དེ་ནི་བློ་སྤོབས་ཆེ་ཞིང་ལུགས་དང་མཐུན་པའི་ཆོད་དོན་ཅིག་རེད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱིས་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལས་ཕྱིར་འབུད་པར་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།