ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་ཁག་གི་ཏང་གཙོས་ཨན་པའེ་ཅིན་སན་གྱིས་བཙན་གྱིས་རྒྱལ་ཚོགས་གཏོར་བར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་སྲིད་དབང་བཟུང་མེད་པའི་ཏང་ཁག་གཙོ་བོའི་ཏང་གཙོ་ཡིས་ཚེས་བརྒྱད་ཉིན་ཏུང་ཅིན་ནས་ཨན་པའེ་སྲིད་གཞུང་གི་བདེ་སྲུང་བཅའ་ཁྲིམས་གསར་བ་དང་རྩ་ཁྲིམས་བཟོ་བཅོས་བྱེད་པའི་འདོད་བློར་སྐྱོན་བརྗོད་བྱས་པར་མ་ཟད། ཨན་པའེ་ཅིན་སན་གྱིས་མི་ཁ་ཡོལ་ཆེད་བཙན་གྱིས་རྒྱལ་ཚོགས་གཏོར་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། མང་ཚོགས་ཀྱིས་ཐེངས་འདིའི་འདེམ་བསྐོ་བརྒྱུད་དེ་ཨན་པའེ་ཅིན་སན་གྱི་ཆབ་སྲིད་དྲག་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

འཇར་པན་རྒྱལ་ཚོགས་དམངས་གྲོས་ཁང་གི་འདེམ་བསྐོའི་སྤྱི་སྒྲོག་དེ་ཚེས་བཅུའི་ཉིན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། འཇར་པན་གྱི་སྲིད་ཏང་གཙོ་བོའི་ཏང་གཙོ་ཚེས་བརྒྱད་ཉིན་གསར་འགོད་པའི་སྤྲོ་སྐྱིད་ཁང་གི་བྱ་འགུལ་ལ་ཞུགས་ཏེ་དཔྱད་གླེང་བྱས་པ་རེད། རང་དབང་དམངས་གཙོ་ཏང་གི་ཙུང་ཚེ། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེར་མུ་མཐུད་དུ་ཁྲའོ་ཞན་གྱི་འཇིགས་ཉེན་འུད་བརྗོད་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་འདེམ་བསྐོ་ནི་ཁྲའོ་ཞན་གནད་དོན་དང་འཇར་པན་གྱི་ལོ་ལོན་མང་བ་དང་བྱིས་པ་ཉུང་བའི་གནད་དོན་ཐག་གཅོད་བྱེད་པའི་ཆེད་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།