ཀྲུང་གོ་བོད་ཀྱི་དྲ་བ།

འབར་མ་ནས་བྷང་ག་ལཱ་རུ་བགྲོད་པའི་གྲུ་གཟིངས་ཤིག་ནུབ་སྟེ་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྷང་ག་ལཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ལོ་ཞིན་ཡཱའི་མི་དྲུད་ཡོད་པའི་གྲུ་གཟིངས་ཤིག་ཚེས་བརྒྱད་ཉིན་གྱི་དགོང་མོར་འབར་མ་ནས་བྷང་ག་ལཱ་རུ་བགྲོད་པའི་ལམ་བར་ནས་གཙང་བོར་ནུབ་པ་དང་། མིག་སྔར་མི་བརྒྱབ་བསྐྱབས་པ་ལས་གཞན་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་གར་སོང་རྙེད་མེད་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ལོ་ཞིན་ཡཱའི་མི་དྲུད་པའི་གྲུ་གཟིངས་དེ་ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་ཕྱེད་ཀ་ཡས་མས་སུ་བྷང་ག་ལཱའི་ལྷོ་ངོས་ཀྱི་འབར་མ་དང་འབྲེལ་བའི་ས་མཚམས་ཀྱི་གཙང་བོར་ནུབ་པ་རེད། ཉེན་རྟོག་ཕྱོགས་ཀྱིས་བེམ་པོ་གཉིས་རྙེད་པ་དང་། ལོ་ཞིན་ཡཱའི་མི་བརྒྱད་བསྐྱབས་ཡོད་ཟེར།

བྷང་ག་ལཱའི་མཚོ་འགྲམ་བདེ་སྲུང་རུ་ཁག་དང་མཐའ་སྲུང་དམག་དཔུང་གིས་དོན་རྐྱེན་བྱུང་སར་སྔོག་བཤེར་བྱེད་བཞིན་ཡོད། མཐའ་སྲུང་དམག་དཔུང་གིས་བསྒྲགས་པ་ལྟར་ན། ཉུང་མཐར་ཡང་མི་སུམ་ཅུ་གར་སོང་རྙེད་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།