ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་སྐབས་རྗེས་མའི་ཨ་མེ་རི་ཁའི་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འདེམ་སྒུག་མི་གཏན་འཁེལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉེ་སྔོན་བསྟན་དོན། མ་འོངས་པའི་གཟའ་འཁོར་གཉིས་ནས་གསུམ་ནང་སྐབས་རྗེས་མའི་ཨ་མེ་རི་ཁའི་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འདེམ་སྒུག་མི་སྣ་གཏན་འཁེལ་བྱེད་རྒྱུ་ཡིན་ཟེར། ད་ལྟའི་ཨ་མེ་རི་ཁའི་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡེ་ལོན་གྱི་འགན་ཡུན་སང་ལོའི་ཟླ་གཉིས་པར་ལོངས་པ་ཡིན། ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་བསྟན་དོན། ཁོས་སྦས་ཤུགས་ཡོད་པའི་འདེམ་སྒུག་མི་སྣ་རེ་འགར་ཐུག་འཕྲད་བྱས།

ཐི་ལིང་ཕུའུ་ཡིས་མི་གང་དག་ལ་བསམ་བློ་གཏོང་བཞིན་ཡོད་པ་གསལ་བོར་མ་བཤད་ཀྱང་། བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་གཟའ་འཁོར་འདིའི་ནང་སྔོན་ཆད་ཀྱི་ཨ་མེ་རི་ཁའི་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ལས་འཛིན་བོ་ཧྲི་དང་ད་ལྟའི་ཨ་མེ་རི་ཁའི་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གི་ལས་འཛིན་པའོ་ཝེ་ཨར་གཉིས་ལ་ཐུག་འཕྲད་བྱས་ཟེར། བསྒྲགས་པའི་གནས་ཚུལ་ལས་ཡེ་ལོན་དང་སི་ཐན་ཧྥུའུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐེ་ལེ་སོགས་ཀྱང་ཐི་ལིང་ཕུའུ་ཡིས་བསམ་བློ་གཏོང་བའི་ཁྱབ་ཁོངས་སུ་ཡོད་པར་བརྗོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།