ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་གྱི་མེ་འཁོར་ཞིག་དང་ཐན་ཁི་འཁོར་ལོ་ཞིག་ཐོ་བརྒྱབ་སྟེ་མི་བཞི་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མེ་འཁོར་ཞིག་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་ལྷོ་ངོས་ས་ཁུལ་ནས་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་ཐན་ཁི་འཁོར་ལོ་ཞིག་དང་ཐོ་བརྒྱབ་སྟེ། མི་བཞི་རྨས་ཕོག

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་སི་ཏི་ཀི་ཨར་མའོ་ལྷོ་ངོས་ཀྱི་ཐི་ལུའུ་སཱ་གྲོང་ཁྱེར་ཉེ་འདབས་སུ་བྱུང་བ་དང་། དོན་རྐྱེན་དེ་ལས་འགྲུལ་བ་བདུན་ཅུ་དྲུད་པའི་མེ་འཁོར་ལྕགས་ལམ་ལས་བརྒལ་ཡང་། མེ་འཁོར་ལོག་མེད། ཐན་ཁི་འཁོར་ལོའི་ནང་གི་དམག་མི་གསུམ་ལ་རྨས་ཕོག མེ་འཁོར་སྟེང་དུ་མི་གཅིག་ལ་རྨས་ཡང་མོ་ཕོག་ཡོད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།