ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ངལ་རྩོལ་པའི་མངག་གཏོང་ལམ་ལུགས་ལ་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

8月23日,法国总统马克龙在奥地利萨尔茨堡出席新闻发布会。.jpg

ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་ཨོ་སི་ཁྲུ་རི་ཡཱའི་སཱ་ཨར་ཚི་པའོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་ཉེར་གསུམ་ཉིན་ཨོ་སི་ཁྲུ་རི་ཡཱའི་སཱ་ཨར་ཚི་པའོ་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ངལ་རྩོལ་པའི་མངག་གཏོང་ལམ་ལུགས་ལ་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བལྟས་ན་ཡོ་རོབ་གླིང་མནའ་འབྲེལ་གྱིས་རིན་གོང་དམའ་བའི་ངལ་རྩོལ་ནུས་པ་དག་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཏུ་ཡོང་དུ་བཅུག་པ་དང་ས་དེའི་སྤྱི་ཚོགས་བདེ་སྲུང་གི་གྲོན་དངུལ་སྤྲོད་པའི་འབྲེལ་ཡོད་གཏན་འཁེལ་བརྩི་སྲུང་མི་བྱེད་པའི་བྱེད་ཐབས་དེ་ཡོ་རོབ་གླིང་གི་དགོངས་པ་དང་འགལ་ཡོད་པར་འདོད། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་ཨོ་སི་ཁྲུ་རི་ཡཱ་དང་ཅེ་ཁི། སི་ལོ་ཝ་ཁི་བཅས་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ངལ་རྩོལ་པའི་མངག་གཏོང་ལམ་ལུགས་ལ་བཅོས་བསྒྱུར་ཇི་ལྟར་བྱེད་པར་གྲོས་བསྡུར་བྱས་པ་རེད། ཁོས་བསྟན་དོན། མིག་སྔར་གྲོས་གཞི་དེའི་ཐད་ཀྱི་བཅོས་བསྒྱུར་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།