ཀྲུང་གོ་བོད་ཀྱི་དྲ་བ།

ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྤེལ་སར་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འདི་ནི་ཟླ་བརྒྱད་པའི་ཚེས་ཉི་ཤུའི་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་ཀྱི་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྤེལ་སའི་ཉེ་འདབས་ཀྱི་འཇབ་རྒོལ་ཐེབས་སའི་ཡུལ་གྱི་རྣམ་པ་རེད།

མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་ཀྱི་ཏཱ་མཱ་ཧྲི་ཀི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྤེལ་སར་ཚེས་ཉི་ཤུའི་ཉིན་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག

གནས་ཚུལ་ཤེས་མཁན་གྱི་མི་དེས་བཤད་རྒྱུར། སྒྱོགས་མདེལ་ཅིག་ཉིན་དེར་འགྲེམ་སྟོན་ལྟེ་གནས་སུ་ལྷུང་སྟེ། འགྲེམ་ཁུལ་གྱི་ནང་དུ་འགྲོ་སའི་སྒོ་ཁར་འགས་གཏོར་བྱུང་བ་རེད། རྒུད་སྐྱོབ་མི་སྣས་བསྟན་དོན། རྨས་མ་དག་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་ཀྱི་སྨན་ཁང་ཞིག་ཏུ་བསྐྱལ་བ་དང་། དེའི་ནང་མི་མང་བོའི་རྨས་སྐྱོན་ཚབས་ཆེན་རེད་ཟེར།

སི་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བདེན་དཔང་བྱས་དོན། ཀྲུང་གོའི་ཁེ་ལས་ཉི་ཤུ་ལྷག་ཐེངས་འདིའི་འགྲེམ་སྟོན་ཚོགས་འདུར་ཞུགས་ཡོད་པ་དང་། མིག་སྔར་ཀྲུང་གོའི་སྤྱི་དམངས་ལ་འཇབ་རྒོལ་ཁྲོད་རྨས་ཕོག་པའི་གནས་ཚུལ་བྱུང་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།