ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གིས་སུ་རུ་ཡའི་ཧ་སེ་ཁི་ཧྲིན་གྱི་མི་སེར་གྲོང་སྡེ་ལ་འཇབ་རྒོལ་བྱས་ཏེ་མི་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་འཁོར་སྐར་དྲ་རྒྱའི་སྟེང་བསྒྲགས་པའི་གནས་ཚུལ། སུ་རུ་ཡའི་ས་དེའི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། ཨ་མེ་རི་ཁ་གཙོ་ཡིན་པའི་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གིས་སུ་རུ་ཡིའ་ཧ་སེ་ཁི་ཧྲིན་ཧྲ་ཏ་ཏིས་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སྡོད་དམངས་འདུག་སའི་ཅི་ཧྲི་ཅི་ཧྲི་ཀྲ་པུའུ་ཨར་གྲོང་སྡེར་འཇབ་རྒོལ་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་དམག་དཔུང་གིས་དུས་རྒྱུན་དུ་གནམ་གྲུ་སྤྱད་དེ་སྡོད་དམངས་འདུག་སར་འཇབ་རྒོལ་བྱས། ཐེངས་འདིའི་འཇབ་རྒོལ་ཁྲོད་མི་དྲུག་བསད་པ་དང་། དེའི་ནང་བུད་མེད་གཉིས་ཡོད།

གཟའ་འཁོར་སྔོན་མར། མཉམ་འབྲེལ་དམག་དཔུང་གིས་ཅི་ཧྲི་ཅི་ཧྲི་ཅེ་དབྱི་ན་ཐི་གྲོང་སྡེར་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་དགུ་བསད། དེའི་སྔོན་ལ། བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་དྲུག་པར། མཉམ་འབྲེལ་དམག་དཔུང་གིས་ལ་ཁ་གྲོང་ཁྱེར་ཉེ་འདེབས་སུ་རྒྱལ་སྤྱིའི་སྤྱི་ཆིངས་ལས་གཏན་འགོག་བྱས་པའི་ལིན་དཀར་འབར་མདེལ་བཀོལ།   
 

མཉམ་འབྲེལ་དམག་དཔུང་གིས་དེའི་སྔོན་ལ། ད་ལོའི་ཟླ་ལྔ་བའི་གཞི་གྲངས་ལྟར་ན། ཁོ་ཚོས་དབྱི་རག་དང་སུ་རུ་ཡ་གཉིས་ལ་བར་སྣང་ནས་འཇབ་རྒོལ་བྱས་པའི་དོན་རྐྱེན་ཁྲོད་མི་སེར་དྲུག་བརྒྱ་དང་གསུམ་བསད།  

ཤེས་པ་ལྟར་ན། འབྲེལ་ཡོད་བརྟག་དཔྱད་བྱ་བར་ད་རུང་མཇུག་འབྲས་མེད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།