ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་དབུས་ཕྱོགས་ས་ཁུལ་དུ་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་འགུལ་བྱུང་བ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཧྥེ་ལེ་པེན་གྱི་དབུས་ཕྱོགས་ས་ཁུལ་དུ་ཚེས་དྲུག་ཉིན་ས་འགུལ་བྱུང་སྟེ། ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར།

ས་འགུལ་དེ་ལས་ལེ་ཐི་གླིང་ཕྲན་གྲོང་ཁྱེར་གྱི་ཁང་བ་ཞིག་རྡིབས་པ་དང་། མི་མང་བོ་ཞིག་རོའི་འོག་ཏུ་མནན། གྲོང་ཁྱེར་དེའི་ཧྲི་ཀྲང་གཞོན་པས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་མི་དྲུག་བསྐྱབས་པ་དང་། ཉུང་མཐར་ཡང་མི་ལྔ་ཞིག་རོའི་འོག་ཏུ་མནན་ཡོད། དེ་ལས་གཞན་བེམ་པོ་ཞིག་རྙེད་ཡོད་ཟེར།

ཧྥེ་ལེ་པེན་གྱི་ལེ་ཐི་གླིང་ཕྲན་དུས་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་གསུམ་སྟེང་ས་འགུལ་བྱུང་། ཡོ་རོབ་གླིང་ས་དཀྱིལ་མཚོ་མོའི་ས་འགུལ་ལྟེ་གནས་ཀྱིས་བསྒྲགས་པ་ལྟར་ན་ས་འགུལ་གྱི་ཚད་རིམ་དྲུག་དང་གྲངས་ཆུང་དགུ་ཡིན་པ་རེད། དེའི་རྗེས་སུ་་ས་འགུལ་གྱི་ཚད་རིམ་དྲུག་དང་གྲངས་ཆུང་ལྔར་བཟོ་བཅོས་བྱས་པ་རེད།

བསྒྲགས་པ་ལྟར་ན། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།