ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་རི་ལ\"རང་མགོ་ཆུ་འདྲེན\"མ་བྱེད་ཅེས་ཐ་ཚིག་བསྒྲགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F2017042716091999267300339.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས25ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁྲའོ་ཞན་ཕྱི་དོན་ཁང་གིས་ཉེ་ཆར་ཨ་རིར་རྒྱལ་སྤྱིའི་ཐོག་ཁྲའོ་ཞན་ལ་རྒོལ་བའི་རླབས་རྒྱུན་རེས་འཁོར་གསར་པ་ཞིག་འཕྱུར་བ་དང་དྲག་འགྱུར་ཐབས་ཀྱིས་ཁྲའོ་ཞན་ཁེར་འཇོག་འགག་བཙིར་བྱེད་པའི་སྲིད་ཇུས་གཏན་འབེབས་བྱས་པར་རྒོལ་གཏམ་བཏང་བ་མ་ཟད། ཨ་རིར"རང་མགོ་ཆུ་འདྲེན"མ་བྱེད་ཅེས་ཐ་ཚིག་བསྒྲགས་པ་རེད། 

ཉིན་དེར་ཁྲའོ་ཞན་ཕྱིན་དོན་ཁང་གི་མགྲིན་ཚབ་པས་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་དྲིས་ལན་རྒྱག་སྐབས། ཉེ་ཆར་ཨ་རི་ཡིས་ཁྲའོ་ཞན་ཁེར་འཇོག་འགག་བཙིར་གྱི"གཉའ་གནོན་དང་ཇུས་གཏོགས་ཆེས་ཤོས་བྱ་རྒྱུའི"ཁྲའོ་ཞན་ལ་འཛིན་པའི་སྲིད་ཇུས་གསར་པ་ཞིག་བཏོན་པ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་རྒྱབ་སྐྱོར་ཐོབ་པའི་རེ་བའང་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་པ་རེད།

མགྲིན་ཚབ་པས་མིག་སྔའི་གླིང་ཕྲན་གྱི་གནས་བབ་འོག ཨ་རིའི་བྱ་སྤྱོད་འདི་རིགས་ནི་ཕྱོགས་ཡོངས་ནས་དམག་འཁྲུག་སློང་བའི་མེ་རྟ་སྦར་བ་དང་མཚུངས་པས། ཉེན་ཁ་ཧ་ཅང་ཆེ་བ་རེད། ཨ་རིས་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་རྒྱུན་མཐུད་ངང་ཁྲའོ་ཞན་ལ་ཁེར་འཇོག་འགག་བཙིར་གྱི་སྲིད་ཇུས་འཛིན་པ་དང་ཉིང་རྡུལ་ཐོག་ནས་འཇིགས་སྐུལ་བྱེད་པ་ནི་ཁྲའོ་ཞན་ལ་ཉིང་རྡུལ་ཡོད་པའི་འབྱུང་རྩ་དང་སྐུལ་འདེད་བྱེད་ཤུགས་གྱུར་བ་རེད་ཅེས་བརྗོད་པ་རེད།

ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་ཡིས་ཕོ་བྲང་དཀར་པོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཁོངས་མི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་གཞུང་ཚབ་ཆེ་མོ་དང་ཐུག་འཕྲད་བྱེད་དུས་ཁྲའོ་ཞན་གླིང་ཕྲན་ཕྱེད་ཙམ་གྱི་ད་ལྟའི་གནས་ཚུལ་ནི"དང་ལེན་བྱ་མི་ཆོག་པ"ཡིན་པས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ལས་གཞི་དང་མདེལ་ལམ་འཕུར་མདའ་ལས་གཞི་ལ་བཀག་སྡོམ་ཆེན་པོ་དང་སྔར་ལས་ཤུགས་ཆེན་གཏོང་བའི་གྲ་སྒྲིག་ཡག་པོ་བྱ་དགོས་ཞེས་བསྟན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།