ཀྲུང་གོ་བོད་ཀྱི་དྲ་བ།

མ་ལིར་བསྐྱོད་མཁན་ཀྲུང་གོའི་ཁག་བཞི་པའི་ཞི་བདེ་སྲུང་སྐྱོང་དཔུང་སྡེས“ཀྲུང་གོའི་ཚད་གཞི”བཙུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པ་མ་ཁོའོ་ནས་གནས་ཚུལ་སྤེལ་བར། ཉེ་ཆར་མ་ལིར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་རིམ་མང་ཕྱོགས་བསྡུས་བརྟན་ལྷིང་ཆེད་མངགས་ཚོགས་པའི་སྤྱི་ཁྱབ་སི་ལིང་གི་ཆོག་མཆན་ཐོབ་པ་བརྒྱུད་མ་ལིར་བསྐྱོད་མཁན་ཀྲུང་གོའི་ཁག་བཞི་པའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གིས་རྩོམ་འབྲི་བྱས་པའི་ཞི་བདེ་སྲུང་སྐྱོང་གི་སྨན་བཅོས་འགན་ལེན་ཚད་གཞི་དེ་མ་ལིར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་རིམ་མང་ཕྱོགས་བསྡུས་བརྟན་ལྷིང་ཆེད་མངགས་ཚོགས་པའི་ལས་འགན་སྒྲུབ་ཡུལ་དུ་དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་རེད།

གསར་འགོད་པས་མ་ལིར་བསྐྱོད་མཁན་ཁག་བཞི་པའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ནས་ཤེས་རྟོགས་བྱས་པར། ཚད་གཞི་དེ་ནི་ཀྲུང་གོའི་ཡན་ལག་རུ་ཁག་གིས་བཟོས་པ་དང་འབྲེལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚད་གཞིའི་མ་ལག་གི་ཡན་ལག་རིམ་པའི་སྨན་བཅོས་འགན་ལེན་ཚད་གཞིའི་ནང་བཞག་པ་དང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཡན་ལག་རུ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ཚད་གཞིའི་མ་ལག་ནང་རང་ཉིད་ཀྱི་ཚད་གཞི་བཏོན་ཐུབ་པ་དེ་ཐོག་ནས་མ་ལིར་བསྐྱོད་མཁན་ཁག་བཞི་པའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གི་ཚད་གཞིའི་བརྒྱུད་རིམ་དང་། ལས་སྒོའི་ཆུ་ཚད། ལས་ཀའི་ནུས་པ། སྨན་ཁང་གི་དོ་དམ་སོགས་ལ་མཉམ་འབྲེལ་རྒྱལ་ཚོགས་མ་ལག་གི་ཚད་མཐོའི་ཁས་ལེན་ཐོབ་པ་མཚོན་ཡོད་པ་མ་ཟད། ཀྲུང་གོའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་འགན་ལེན་གྱི་ཚད་ཤིང་གསར་པ་བཙུགས་ཐུབ་པའང་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། མ་ལིར་བསྐྱོད་མཁན་ཁག་བཞི་པའི་ཞི་བདེ་སྲུང་སྐྱོང་སྨན་བཅོས་ཡན་ལག་རུ་ཁག་གིས་དངོས་འཐབ་དང་། དངོས་སྤྱོད། དངོས་ཕན་བཅས་ཀྱི་བླང་བྱར་གཞིགས་ནས་འཕྲོད་བསྟེན་ལས་ཀ་འགན་ལེན་གྱི་ལས་འགན་ཁྱབ་ཁོངས་དང་། བཀོད་འདོམས་སྒྲིག་འཛུགས། ལས་ཀའི་བརྒྱུད་རིམ། དམག་འཐབ་རྒྱབ་སྐྱོར། གཡུལ་སའི་ཡིག་ཆ་སོགས་ཕྱོགས་17གྱི་ནང་དོན་གཏན་འཁེལ་ཞིབ་ཕྲ་བྱས་ཡོད་པ་དང་། ཟླ་བ་གསུམ་གྱི་དུས་ཚོད་ནང་ཡིག་འབྲུ་ཁྲི་བདུན་ཙམ་ཡོད་པའི་རྒྱ་ཡིག་དང་དབྱིན་ཡིག་གི་ཚད་གཞིའི་རྩོམ་འབྲིའི་ལས་དོན་ལེགས་གྲུབ་བྱས་ཡོད།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།