ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་སེ་དྲག་ཆས་པས་ཆབ་སྲིད་ལ་བརྟེན་ནས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་གསར་བ་དང་ལེན་བྱེད་པར་སྔོན་འགྲོའི་ཆ་རྐྱེན་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་ཧུའུ་སེ་དྲག་ཆས་པ་དང་དེའི་མནའ་མཐུན་གྱིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། གལ་ཏེ་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་བཙན་འཛུལ་བྱེད་མཚམས་བཞག་སྟེ་ཡེ་མིན་གྱི་དཔལ་འབྱོར་བཀག་སྡོམ་མེད་པར་བཏང་ན། ཁོ་ཚོས་ཨ་མེ་རི་ཁས་བཏོན་པའི་ཆབ་སྲིད་ལ་བརྟེན་ནས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཞི་བའི་གྲོས་མོལ་སླར་གསོ་བྱས་ཏེ་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་ཇུས་གཞི་གསར་བ་དང་ལེན་བྱེད་པར་བསམ་བློ་གཏོང་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།