ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་ཧན་གོ་དང་ཁྲའོ་ཞན་གྱི་གྲོས་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་བྱེད་ཐབས་སྤྱོད་རྒྱུ་དེ་ཡིན་པར་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་མི་དམངས་དྲག་ཆས་སྟོབས་ཤུགས་ཀྱིས་ཧན་གོར་ལས་དོན་རང་བཞིན་གྱི་འབྲེལ་འདྲིས་བྱེད་པའི་གྲོས་གཞི་བཏོན་པའི་ཐད་ནས་ལན་བྱིན། ཁྲའོ་ཞན་གྱིས་སྔོན་ལ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་བྱེད་ཐབས་སྤྱོད་དགོས་ཟེར།

ཧན་གོའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་ཕྱོགས་ཀྱིས་གྲོས་གཞི་བཏོན་པར་དམིགས་ཏེ། ཧན་གོའི་སྲིད་གཞུང་གི་ལངས་ཕྱོགས་འགྱུར་མེད་པ་དང་། ཁྲའོ་ཞན་དང་གྲོས་མོལ་བྱེད་དགོས་ན་ངེས་པར་དུ་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་བྱེད་ཐབས་སྤྱོད་པ་ཆ་རྐྱེན་དུ་བྱེད་དགོས་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་མི་དམངས་དྲག་ཆས་སྟོབས་ཤུགས་ཀྱིས་ཉིན་དེར་ཧན་གོའི་དམག་ཕྱོགས་ལ་གྲོས་གཞི་བཏོན་ཏེ། དམག་དོན་གྱི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་དམག་དོན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ། ཟླ་ལྔ་བའི་ཟླ་མཇུག་དང་ཡང་ན་ཟླ་དྲུག་པར་ཕྱོགས་གཉིས་སྟབས་བདེ་བའི་དུས་ཚོད་དང་ས་གནས་གང་རུང་ནས་ལས་དོན་རང་བཞིན་གྱི་འབྲེལ་འདྲིས་བྱས་ཏེ། ཕྱོགས་གཉིས་ཀྱི་དམག་དོན་ལས་ཁུངས་ཀྱི་གྲོས་མོལ་གནད་དོན་ལ་གྲོས་བསྡུར་བྱེད་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།