ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་གྱིས་ཆུ་འོག་ནས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་སྲིད་གཞུང་གིས་ཚེས་ཉེར་བཞིའི་ཉིན་ཁྲའོ་ཞན་གྱིས་ཆུ་འོག་ནས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་ཟབ་མོ་བྱས་ཏེ། དགོས་ངེས་ཀྱི་ཐག་གཅོད་བྱེད་ཐབས་སྤྱོད་རྒྱུའི་ཚུལ་བསྟན།

ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་དཔྱད་བརྗོད་སྤེལ་ཏེ། ཁྲའོ་ཞན་གྱིས་ཡང་བསྐྱར་འཕུར་མདའ་ཚོད་ལྟ་བྱས་པར་ལེགས་འགྲུབ་བྱུང་མིན་ཅི་ཡིན་ཡང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་ཡོད་པ་མངོན་གསལ་རེད། བྱ་སྤྱོད་དེ་ནི་ཁྲའོ་ཞན་ཕྱེད་གླིང་དང་ཐ་ན་ཨེ་ཤ་ཡཱའི་བྱང་ཤར། འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་སྲུང་ལ་འཇིགས་ཉེན་བཟོ་བའི་བྱ་སྤྱོད་ཚབས་ཆེན་ཞིག་རེད་ཟེར།

དཔྱད་བརྗོད་ལས་བཤད་རྒྱུར། ཧན་གོའི་སྲིད་གཞུང་གིས་དེའི་སྔོན་ཐེངས་མང་བོར་ཉེན་བརྡ་བཏང་མྱོང་། གལ་ཏེ་ཁྲའོ་ཞན་གྱིས་ཡང་བསྐྱར་དཀྲུག་འཕེན་བྱ་སྤྱོད་བསླངས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་དྲག་པོ་བྱེད་ངེས་ཡིན་པ་དང་། ཧན་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཙོ་བོའི་བར་མཉམ་ལས་ཟབ་མོ་བྱས་ཤིང་། བདེ་འཇགས་ལས་འཛིན་ལྷན་ཚོགས་སོགས་རིམ་པ་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་ནན་མོ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཁྲའོ་ཞན་ལ་བཀག་སྡོམ་དང་གནོན་ཤུགས་སྟེར་བར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།