ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཞི་ཉིན་པེ་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཞི་ཉིན་པེ་ཅིན་གྲོང་ཁྱེར་གྱི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་དེ་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། པེ་ཅིན་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ཡར་ཞུ་དང་བསམ་འཆར་གྲོས་གཞི་ལ་ཉན། ཀྲང་ཀའོ་ལིས་ཀྱིས་གནད་འགག་དམ་འཛིན་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་། ཤུགས་ཆེན་པོས་དགུན་ཁའི་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱེད་ཐབས་ལག་བསྟར་བྱས་ནས། བཙོག་བཟོ་ནམ་ཟླར་ཁ་གཏད་འཇལ་བར་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཁའ་དབུགས་བཙོག་བཟོ་འགོག་བཅོས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐྱེ་ཁམས་ཁོར་ཡུག་དང་ལྷག་པར་དུ་མཁའ་དབུགས་དང་ཆུ། ས་ཞིང་བཅས་བཙོག་བཟོ་བྱས་པ་ཚབས་ཆེ་བ་དེ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འབུར་ཐོན་ཞན་ཆ་རུ་གྱུར་ཡོད། ཁོར་ཡུག་བཙོག་བཟོ་ལེགས་སྒྱུར་བྱེད་པ་དང་ཁོར་ཡུག་སྤུས་ཚད་ཇེ་མཐོར་གཏོང་བར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་བཞིན་ཡོད་པས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ངེས་པར་དུ་དེ་ལ་མཐོང་ཆེན་བྱེད་དགོས་པར་མ་ཟད་ལག་བསྟར་བྱེད་པའི་བྱ་བ་གལ་ཆེན་དུ་འཇོག་དགོས་ཞེས་ནན་གྱིས་བསྟན། ཙུང་ལི་ལིས་ཁི་ཆང་གིས་རྒྱུན་མཐུད་སྒོས་ནུས་ཤུགས་ཡོད་རྒུ་བཏོན་ནས་སྨུག་རྡུལ་བཅོས་སྐྱོང་བྱེད་དགོས་པའི་ཐུགས་རེ་བཏོན། ང་ཚོས་བསམ་བློའི་ངོས་ཟིན་དང་བྱ་སྤྱོད་གཉིས་ཀ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་འདུ་ཤེས་ཆགས་པར་བྱེད་པ་དང་མཁའ་དབུགས་བཙོག་བཟོ་བཅོས་སྐྱོང་གི་དགོས་གལ་རང་བཞིན་དང་དཀའ་ཚེགས་རང་བཞིན། ཡུན་རིང་རང་བཞིན་བཅས་གསལ་བོར་ཤེས་པར་བྱས་ནས། རྒྱུན་འཁྱོངས་ལྷོད་མེད་སྒོས་མཁའ་དབུགས་བཙོག་བཟོ་འགོག་བཅོས་བྱ་བ་ཡུན་རིང་ལ་བསྒྲུབ་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་འབྲེལ་ཡོད་ས་ཁུལ་དང་ལས་ཁུངས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་བྱེད་ཐབས་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས། བྱ་བ་སྒྲུབ་པ་མི་བཟང་བ་དང་མཁའ་དབུགས་ཀྱི་སྤུས་ཚད་ལེགས་བཅོས་བྱེད་པའི་དམིགས་འབེན་ཡོངས་འགྲུབ་མ་བྱས་པ་རྣམས་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་འགན་འཁྲི་དེ་རིམ་པ་བཞིན་ལས་བགོས་བྱེད་པ་དང་གཞི་རིམ་དང་འགན་འཁུར་མི་སྣར་དངོས་འབེབས་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་ཆ་འཕྲིན་མངོན་གསལ་སྒོས་ཁྱབ་སྒྲོག་བྱེད་པར་ཤུགས་སྣོན་ཞིང་སྤྱི་དམངས་རྣམས་ཁོར་ཡུག་སྲུང་སྐྱོབ་འགུལ་སྐྱོད་ཁྲོད་དུ་ཞུགས་པར་སྣེ་ཁྲིད་བྱས་ནས། མཉམ་དུ་ཞུགས་པ་དང་མཉམ་དུ་ལེགས་བཅོས་བྱེད་པའི་ཁོར་ཡུག་སྲུང་སྐྱོབ་བྱ་བའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་པའི་ཐུགས་རེ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་མཚོ་དམག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།