ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཉེ་ལམ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཕྱི་ཕྱོགས་ལ་དྲིལ་སྒྲོག་དང་མཚམས་སྦྱོར་བྱེད་པའི་བྱ་བ་འཕྲོ་རིམ་འཕྲོར་སྤེལ། དྲིལ་སྒྲོག་མཚམས་སྦྱོར་ཚོགས་པ་གང་མང་ཞིག་གིས་ཨོ་སི་ཁྲི་ལི་ཡ་དང་ཧན་གོ། ཨར་ཅི་ལི་ཡ། པོ་ཧེ། བུའུ་ཁི་ལན་སོགས་རྒྱལ་ཁབ་ལ་འཚམས་འདྲི་བྱས་པར་མ་ཟད། ས་གནས་སྲིད་གཞུང་གི་དཔོན་རིགས་དང་སྲིད་ཏང་གི་འཐུས་མི་གཙོ་བོ། རིག་མཛོད་ཤེས་ཡོན་ཅན། སྨྱན་བྱད་གཙོ་བོ། བཟོ་ཚོང་ལས་རིགས་ཀྱི་འཐུས་མི། དེ་མིན་ཕྱི་སྡོད་རང་མི་སོགས་དང་མཉམ་དུ་བཞུགས་མོལ་བརྗེ་རེས་བྱས་ཏེ། དམིགས་ཡུལ་ཡོད་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་འཕེལ་རྒྱས་འདུ་ཤེས། དམིགས་འབེན་ལས་འགན་དང་བྱེད་ཐབས་གལ་ཆེན་བཅས་མཚམས་སྦྱོར་བྱས། རྒྱལ་ཁབ་མང་པོའི་མཛའ་མཐུན་མི་སྣས་ཀྲུང་གོས་འཕེལ་རྒྱས་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་བཏོན་པར་གདེང་འཇོགས་ཆེན་པོ་གནང་བ་དང་། ཀྲུང་གོའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་འཕེལ་རྒྱས་འཆར་འགོད་ལ་ཡིད་འཇོག་ཆེན་པོ་བྱས་པར་མ་ཟད་ཀྲུང་གོའི་མ་འོངས་པའི་འཕེལ་རྒྱས་ཀྱིས་སྐྲུན་པའི་གོ་སྐབས་གསར་བ་དམ་འཛིན་བྱས་ནས། ཀྲུང་གོ་དང་མཉམ་ལས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།