ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར། རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གོ་ཧྲིན་ཁུང་གིས་པེ་ཅིན་གྲོང་ཁྱེར་དུ་ལུགས་གསར་ལོ་སར་སྐབས་ཀྱི་བདེ་འཇགས་འགན་སྲུང་བྱ་བར་ཞིབ་བཤེར་བྱེད་སྐབས། རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པས་མང་ཚོགས་ཀྱི་བདེ་འཇགས་བྱ་བ་གཙོར་བཟུང་སྟེ་བྱ་བའི་ལས་གནས་བརྟན་སྲུང་བྱེད་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དང་འཆམ་མཐུན་གྱི་སྣང་ཚུལ་ཁྲོད་དུ་ལུགས་གསར་ལོ་སར་སྐྱིད་པོ་ཞིག་རོལ་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། གོ་ཧྲིན་ཁུང་པེ་ཅིན་གྲོང་ཁྱེར་གྱི་སྲང་མདོ་སོ་སོ་དང་ཚོང་ར་ཆེན་པོ་སོགས་ལ་སོང་ནས་བདེ་འཇགས་འགན་སྲུང་བྱེད་ཐབས་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད། འཐབ་ཕྱོགས་དང་པོ་ན་ལས་རེས་བྱེད་པའི་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག། བདེ་འཇགས་འགན་སྲུང་དང་བླངས་མཁན་བཅས་ལ་འཚམས་འདྲི་བྱས། ཁོས་བཤད་རྒྱུར། དུས་ཆེན་གྱི་སྐབས་སུ་ནུས་ལྡན་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་བདེ་འཇགས་བྱ་བ་འགན་སྲུང་བྱེད་པ་དང་རྣམ་པ་རྒྱ་ཆེ་བའི་བྱ་འགུལ་སྣ་ཚོགས་ཀྱི་བདེ་འཇགས་འགན་འཁྲི་དང་བདེ་འཇགས་འགན་སྲུང་བྱེད་ཐབས་དངོས་འབེབས་བཟང་བོ་བྱས་ནས་བདེ་འཇགས་བྱ་བ་ཁག་ཐེག་བྱེད་དགོས། བདེ་འཇགས་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་དུས་ཆེན་ལ་ཁོར་ཡུག་བཟང་བོ་ཞིག་སྐྲུན་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་དུས་ཆེན་སྐྱིད་པོ་ཞིག་རོལ་དུ་འཇུག་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།