ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་བཅའ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་གཉིས་ཀྱིས་ཟི་ལིང་ནས་ཞིང་ཆེན་ཡོངས་ཀྱི“བཅའ་ཁྲིམས་ཀྱི་སྒྲིག་ལམ་བདུན”ཞེས་པའི་ཞིང་ཆེན་རིམ་པའི་དཔེ་སྟོན་བྱེད་སར་མིང་འདོགས་པའི་ཚོགས་ཆེན་བསྡུས་ནས། ཉམས་མྱོང་སྤྱི་བསྡོམས་དང་གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད། ལས་ཁུངས་བརྒྱ་དང་བཅུ་དགུ་ལ“བཅའ་ཁྲིམས་ཀྱི་སྒྲིག་ལམ་བདུན”ཞེས་པའི་ཞིང་ཆེན་རིམ་པའི་དཔེ་སྟོན་བྱེད་སའི་མིང་བཏགས། ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ལིག་ཀྲི་ཆང་གིས་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་དང་སློབ་གསོའི་བྱ་བར་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་གནས་བབ་གསར་བའི་འོག་གི“བཅའ་ཁྲིམས་ཀྱི་སྒྲིག་ཁྲིམས་བདུན”གྱི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ནས། འཐབ་ཇུས་དང་ཁྱོན་ཡོངས་ལ་ངོས་འཛིན་ཟབ་མོ་བྱས་ཏེ“བཅའ་ཁྲིམས་ཀྱི་སྒྲིག་ཁྲིམས་བདུན”གྱི་བྱ་འགུལ་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ཞིང་། སྔར་ལས་འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། ས་ཁུལ་གྱི་དོན་དངོས་དང་སྡེ་ཁག་གི་འགན་འཁྲི་དང་ཟུང་དུ་སྦྲེལ་ཏེ། སྔར་ལས་མཐོ་ཞིང་། སྔར་ལས་ཆུ་ཚད་མཐོ་བའི་ཐད་ནས“བཅའ་ཁྲིམས་ཀྱི་སྒྲིག་ཁྲིམས་བདུན”གྱི་བྱ་བར་འཆར་གཞི་འཐེན་པ་དང་ལག་བསྟར་བྱས་ནས། རྒྱུན་ཆད་མེད་པར་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར། ལིག་ཀྲི་ཆང་གིས“བཅའ་ཁྲིམས་ཀྱི་སྒྲིག་ཁྲིམས་བདུན”གྱི་བྱ་བ་སྐུལ་འདེད་དང་དངོས་འབེབས་བྱས་ནས། བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་སྐུལ་འདེད་གཏོང་བ་དེ་གཅིག་གྱུར་འཆར་འགོད་དུ་བརྩི་དགོས་པ་དང་། དཀྱིལ་སྙིང་ལ་དམིགས་པ་དང་། ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པར་རྒྱུན་འཁྱོངས་བྱེད་པ། རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། ཕན་འབྲས་ལ་དོ་སྣང་བྱེད་པར་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་མང་ཚོགས་ཞབས་ཞུ་སྒྲུབ་པར་རྒྱུན་འཁྱོངས་བྱས་ནས། ཤུགས་ཆེན་པོས་བཅའ་ཁྲིམས་དྲིལ་སྒྲོག་དང་སློབ་གསོའི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ཤུགས་ཆེན་པོས་བརྗོད་གཞི་གཙོ་ཡིན་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་རྩ་འཛུགས་བྱེད་པ། བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། བྱ་བའི་གསར་སྐྲུན་ལ་ཤུགས་སྣོན་པ། གཞི་རིམ་ལ་ཁ་གཏད་དེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་དང་། སེམས་ཞིབ་མོས་ཇུས་འགོད་བྱེད་པ། ཉམས་མྱོང་ཁྱབ་གདལ་གཏོང་བའི་ཐད་ནས་འབད་པ་བྱེད་པ་དང་། ཧུར་ཐག་སྒོས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བཅའ་ཁྲིམས་ཀྱི་ཁོར་ཡུག་ཅུང་བཟང་བོ་ཞིག་སྐྲུན་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།