ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་བཞི་ཉིན། མི་དམངས་ཉིན་རེའི་ཚགས་པར་སྟེང་ཁ་ཡིག་ལ་མགོ་ཁྲིད་ལས་བྱེད་པས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཐད་ནས་དཔེ་སྟོན་བཟང་བོ་བྱེད་དགོས་ཞེས་པའི་དཔྱད་བརྗོད་པའི་རྩོམ་ཡིག་ཅིག་བཀོད།

རྩོམ་ཡིག་ནང་བསྟན་དོན། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཐད་ནས་དཔེ་སྟོན་བཟང་བོ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ལ་བཏོན་པའི་རེ་བ་ཡིན་པ་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་བསྒྲགས་པའི་སྐུལ་སློང་བཀའ་ཁྱབ་ཡིན། མགོ་ཁྲིད་ལས་བྱེད་པས་རང་རྟོགས་སྒོས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་དེ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པ། འགན་བགོས་ཕྱོགས་ཀྱི་དོ་དམ་དང་རང་ལ་རེ་བ་ནན་མོ་འཛིན་པའི་ཕྱོགས་སུ་མཚོན་པར་བྱེད་དགོས་པ་དང་དོན་དངོས་ཀྱི་བྱ་སྤྱོད་ལས་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས།

ཆབ་སྲིད་ནུས་པ་ཆེ་མི་ཆེ་དང་བསམ་བློའི་གཏན་ཤུགས་དང་འཐབ་ཇུས་གཏན་ཤུགས། ཀུན་སྤྱོད་གཏན་ཤུགས་ཆེ་མིན་དེས་མགོ་ཁྲིད་ལས་བྱེད་པས་གནས་བབ་ཆེན་པོ་ལ་ཉམས་སད་ཐེག་ཐུབ་མིན་ཐག་གཅོད་བྱས་ཡོད། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་དེ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་སྟེང་དུ་མཚོན་པར་བྱེད་པ་དང་དེའི་སྲོག་ཤིང་ནི་ཆབ་སྲིད་ལ་མཁས་པ་ཞིག་ཡིན་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་བྱེད་པ་སྲུང་འཛིན་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་གཞི་རྩར་དམིགས་པ་དང་བློ་སྤོབས་ཆེར་བསྐྱེད་བྱས་ནས་ཕུགས་འདུན་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་འབད་བརྩོན་བྱེད་དགོས། དམིགས་འབེན་ཡིད་ལ་དམ་པོར་བཅངས་བ་དང་སྤྱི་ཞབས་པའི་བརྩེ་སེམས་སྲུང་འཛིན་བྱས་ནས་བློ་སེམས་བརྩེ་གཅིག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་དགོས། བསམ་བློའི་རིགས་གཞུང་ཆུ་ཚད་དང་མགོ་ཁྲིད་སྒྱུ་རྩལ་མུ་མཐུད་ནས་ཇེ་མཐོར་བཏང་སྟེ་ཆབ་སྲིད་ཐད་ནས་ལྟ་ཞིབ་དང་དབྱེ་ཞིབ། གནད་དོན་ཐག་གཅོད་པར་མཁས་བར་བྱེད་པ་དང་། རྙོག་འཛིང་ཆེ་བའི་འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་གཅོད་དགོས་པར་མ་ཟད། མི་དམངས་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་མཉམ་དུ་མདུན་སྐྱོད་བྱེད་དགོས། ཏང་ལ་བློ་དཀར་ཞིང་གཏམ་སྤྱོད་གཅིག་གྱུར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ལས་བྱེད་པ་དང་མང་ཚོགས་ལ་མིག་དཔེ་སྟོན་དགོས།

གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དངོས་འབེབས་བྱེད་པའི་ཐད་ནས་མཚོན་པར་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་ལ་དམིགས་པ་དང་དུས་རྒྱུན་དང་རང་འགུལ་སྒོས་ཏང་ཀྲུང་དབྱང་དང་ཁ་ཕྱོགས་པ་དང་། ཏང་གི་རིགས་གཞུང་དང་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་ཁ་ཕྱོགས་དགོས།

གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་དེ་འགན་བགོས་ཕྱོགས་ཀྱི་དོ་དམ་ཐད་ནས་མཚོན་པར་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་མིག་དཔེ་གཞན་སྟོན་བྱེད་པ་དང་སྤོབས་པ་ཆེན་པོས་དོ་དམ་བྱེད་དགོས་པར་མ་ཟད་ལས་དོན་ལ་དོ་དམ་དང་བསམ་བློ་ལ་དོ་དམ། སྤྱོད་ཚུལ་ལ་དོ་དམ་བཟང་བོ་བྱས་ནས་མགོ་ཁྲིད་ཚན་ཁག་དམ་འཛིན་བྱེད་པ་དང་དཔུང་སྡེ་ལ་སྣེ་ཁྲིད་བཟང་བོ་བྱེད་པ། དོན་དག་བཟང་བོར་བསྒྲུབ་དགོས།

གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་རེ་བ་དེ་རང་ལ་རེ་བ་ནན་མོ་འཛིན་པའི་ཐད་ནས་མཚོན་པར་བྱས་ཏེ། མགོ་ཁྲིད་ལས་བྱེད་པས་ཏང་ཡོན་གྱི་ཏང་གཤིས་དེ་ཏང་ཞུགས་ལོ་ཚད་ཇེ་མང་དུ་སོང་བ་དང་གོ་གནས་ཇེ་མཐོར་སོང་བ་དང་བསྟུན་ནས་ཇེ་མཐོར་འགྲོ་མི་སྲིད་པ་གསལ་བོར་ཤེས་པས་ངེས་པར་དང་རྒྱུན་མཐུད་སྒོས་འབད་བརྩོན་བྱེད་དགོས། སློབ་གསོ་དམ་འཛིན་དང་དོ་དམ་བཟང་བོ་བྱེད་པ་དང་། ཁྱིམ་ཚང་གི་བུ་དང་བུ་མོ་དང་ཉེ་འཁོར་གྱི་བྱ་བ་སྒྲུབ་མཁན་ལ་ལྟ་རྟོག་ནན་མོ་བྱས་ནས་གནད་དོན་རྩད་ཆོད་རྗེས་དུས་ཐོག་ཏུ་ཡོང་བསྲང་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཀའོ་ཧྲིན་ཁུང་གིས་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ནང་སྲིད་པུའུ་ཡི་པུའུ་ཀྲང་ཐུའུ་ཨར་ཀན་པ་ཡེ་ཧྥུའུ་དང་གྲོས་མོལ་བྱས།

རྒྱལ་ཡོངས་ཏང་གི་སློབ་གྲྭའི་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ས་ཁུལ་གྱི་རིམ་འཕར་གྲོས་མོལ་གྲུབ་འབྲས་ཡིག་ཆའི་སྟེང་མིང་འགོད་པའི་མཛད་སྒོར་ཞུགས།

ཀྲང་ཀའོ་ལིས་ཀྱིས་ཀྲུང་གོ་ཁོར་ཡུག་དང་འཕེལ་རྒྱས་རྒྱལ་སྤྱིའི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྟེང་གསུང་བཤད་གནང་།

རྒྱལ་ཡོངས་སུ་སྟོན་བསྡུ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་པ།

སྐབས་བཅུ་བདུན་པའི་ཀྲུང་གོའི་ཧྲང་ཧེའི་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

ཞི་ཅིན་ཕེན་གྱིས་ཝ་ཧྲིན་ཏོན་ཀྲིག་གི་མགོ་གཙོ་དང་ཞི་ཡ་ཐུའུ་གྲོང་ཁྱེར་གྱི་མགོ་གཙོ། ཝ་ཧྲིན་ཏོན་ཀྲིག་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཞུགས་པ་སོགས་ལ་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་ཡོ་རོབ་གླིང་གྲོས་ཁང་མི་དམངས་ཏང་གི་ཏང་ཚོགས་ཀྲུའུ་ཞི་ཝེ་པའོ་ལ་མཇལ་འཕྲད་གནང་།