མདུན་ཤོག- གསར་འགྱུར།- རྒྱལ་ནང་གསར་འགྱུར།

ཧུའུ་ཅིན་ཐའོ་ཡིས་རྒྱལ་སྲུང་སློབ་གྲྭ་ཆེན་མོའི་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ།

ལོ་ཙཱ་བ། ཞའོ་ཡན།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2010-10-29 09:58

    ཟླ10བའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་པེ་ཅིན་ནས་རྒྱལ་སྲུང་སློབ་གྲྭ་ཆེན་མོའི་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཟླ10བའི་ཚེས27ཉིན་པེ་ཅིན་ནས་རྒྱལ་སྲུང་སློབ་གྲྭ་ཆེན་མོའི་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་སྐབས་ནན་གྱིས་བསྟན་དོན། རྒྱལ་སྲུང་སློབ་གྲྭ་ཆེན་མོས་ཏིན་ཞའོ་ཕིན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། མགོ་ཚུགས་ས་གསར་བ་ནས་སློབ་གྲྭ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་ཟེར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕིན་གྱིས་མཉམ་དུ་མཇལ་འཕྲད་གནང་། །