མདུན་ཤོག- གསར་འགྱུར།- རྒྱལ་ནང་གསར་འགྱུར།

ཝུན་ཅ་པའོ་ཡིས་སི་ཕེན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ས་ཕ་ཐི་ལོ་ལ་ཁ་པར་བཏང་བ།

ལོ་ཙཱ་བ། ཀླུ་འབུམ་བྱམས།  མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2010-05-12

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཟླ5བའི་ཚེས10ཉིན་དུས་བཅད་ལྟར་སི་ཕེན་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ས་ཕ་ཐི་ལོ་ལ་ཁ་པར་བཏང་། ཝུན་ཅ་པའོ་ཡིས་ཁ་པར་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། འཛམ་གླིང་གི་དཔལ་འབྱོར་དལ་བའི་ངང་བསྐྱར་དར་འབྱུང་བཞིན་ཡོད་མོད། འོན་ཀྱང་ང་ཚོས་ཐེབས་འདིའི་ཉམས་ཉེན་གྱི་ཚབས་ཆེན་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་གཏན་ནས་སྣང་ཆུང་བྱེད་མི་རུང་། ཉམས་ཉེན་ལས་རྣམ་པར་རྒྱལ་དགོས་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་ལས་བྱེད་པར་སྔར་ལས་ཤུགས་སྣོན་དང་དུས་ཡུན་རིང་བོར་འབད་བརྩོན་ལྷོད་མེད་བྱེད་དགོས། གཅིག་ནས་ཆེ་ཕྱོགས་ཀྱི་དཔལ་འབྱོར་སྲིད་ཇུས་ལེགས་སྒྲིག་བྱེད་པར་ཤུགས་བསྣན་ནས། ལུགས་དང་མཐུན་པའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་དུས་རྟག་ཏུ་སྲུང་འཛིན་བྱེད་པ་དང་། ཁྲོམ་རའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། གཉིས་ནས་དམིགས་ཡུལ་ཡོད་པའི་སྒོ་ནས་ཉམས་ཉེན་འབྱུང་རྐྱེན་གྱི་གནད་དོན་ཐག་བཅད་དེ། རྒྱལ་སྤྱིའི་དངུལ་ལོར་མ་ལག་བཅོས་སྒྱུར་བྱེད་པ་དང་། དངུལ་ལོར་གྱི་ལྟ་རྟོག་དང་དོ་དམ་ལ་ཤུགས་སྣོན་པ། གྲུབ་ཚུལ་གྱི་འགལ་བ་སེལ་བ། དངུལ་ལོར་གཙོ་བོ་རིགས་ཀྱི་རིན་ཐང་ལྟོས་བཅས་ཀྱིས་བརྟན་འཇགས་ཡོང་བ་སྲུང་འཛིན་བྱེད་པ། གསུམ་ནས་རང་མོས་ཉོ་འཚོང་རྒྱུན་འཁྱོངས་དང་། ཚུལ་སྣ་ཚོགས་ཀྱི་ཉོ་འཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་ཞེས་གསུངས། ས་ཕ་ཐི་ལོ་ཡིས་ཡོ་རོབ་གླིང་གི་སྒོར་མོ་སྤྱོད་པའི་རྒྱལ་ཁབ་ཀྱིས་ད་ལྟའི་ཡོ་རོབ་གླིང་གི་བདག་དབང་བུ་ལོན་ཉམས་ཉེན་སེལ་བའི་ཐད་སྤྱོད་པའི་བྱེད་ཐབས་མཚམས་སྦྱོར་བྱས་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་དེ་ལ་དོ་སྣང་དང་རྒྱབ་སྐྱོབ་བྱས་པར་བཀའ་དྲིན་ཆེ་ཞུས། །