༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་ནང་གསར་འགྱུར།
ལིས་ཁི་ཆང་ཀོང་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
ལོ་ཙཱ་བ། བསོད་ནམས་ཚེ་རིང་། 2010-03-09 09:22 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

ཟླ3པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་ཀོང་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་ཚེས་བདུན་ཉིན་ཀོང་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ལིས་ཁི་ཆང་གིས་མཁར་གྲོང་ཅན་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་རྒྱབ་བརྟེན་གལ་ཆེན་ཞིག་ཡིན་ཞིང་། ནང་མཁོའི་སྟོང་ཆ་རྒྱ་ཆེན་པོ་ཡོད། ཀོང་ཏུང་གི་དོན་དངོས་ལ་རྐང་འཛུགས་པ་དང་། ཧུར་ཐག་སྒོས་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་མང་ཚོགས་རྒྱབ་བརྟེན་དུ་བྱེད་པ། གྲོང་ཁྱེར་ཆེ་འབྲིང་དང་མཁར་གྲོང་ཆུང་བའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཁར་གྲོང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་གཅིག་ཅན་ལ་ཡར་སྐུལ་བྱས་ཏེ། རིམ་བཞིན་གཞི་རྩའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་བྱེད་དགོས་ལ། ས་ཁོངས་འཕེལ་རྒྱས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཨོ་མིན་དང་ཞང་ཀང་། ཐེ་ཝན་བཅས་ལ་མཉམ་ལས་སྔར་ལས་དམ་པོ་བྱས་ཤིང་། མཚོ་འགྲམ་ས་ཁུལ་གྱིས་ནང་ལོག་ལ་ཐོན་པའི་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུངས། །

 

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག