༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་ནང་གསར་འགྱུར།
རྒྱལ་ཡོངས་ཀྱི་འཆལ་ཕྱགས་དག་ཐེར་གཞུང་སྒྲུབ་ཁང་གིས་ལུགས་རྙིང་ལོ་སར་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྔ་གཞུག་གི་ཆེད་དོན་བྱ་འགུལ་བཀོད་སྒྲིག་བྱས་པ།
ལོ་ཙཱ་བ། བསོད་ནམས་ཚེ་རིང་། 2010-02-09 11:25 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། རྒྱལ་ཡོངས་ཀྱི་འཆལ་ཕྱགས་དག་ཐེར་གཞུང་སྒྲུབ་ཁང་གིས་ཉེ་ལམ་བརྡ་ཐོ་བཏང་སྟེ། ཟླ2པའི་ཟླ་སྟོད་ནས་ཟླ4བའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ལག་ཁྱེར་ཁ་པར་དང་དྲ་ཚིགས་སྟེང་ཐ་འཆལ་གྱི་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པར་བཀག་འགོག་བྱེད་པ་དང་རིག་གནས་དག་གཙང་བྱེད་པ་གཙོ་ཡིན་པའི་ཆེད་དོན་བྱ་འགུལ་སྤེལ་དགོས་པ་དང་། རིམ་པ་སོ་སོའི་འཆལ་ཕྱགས་དག་ཐེར་གཞུང་སྒྲུབ་ཁང་གིས་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་འཛིན་བཅས་སྡེ་ཁག་བར་མཐུན་སྦྱོར་བྱེད་པར་དོ་སྣང་བྱས་ཤིང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་འཛིན་འགྲེལ་བཤད་ལྟར། འཆལ་ཕྱགས་དག་ཐེར་གྱོད་གཞི་དང་། ཁྱད་པར་དུ་ལག་ཁྱེར་ཁ་པར་དང་དྲ་ཚིགས་སྟེང་ཐ་འཆལ་གྱི་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པའི་གྱོད་གཞི་ལ་བརྩད་ཞིབ་ནན་མོ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག