
ཟླ2པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་པེ་ཅིན་གྱི་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སྐབས་ལྔ་བའི་ཀྲུང་གོ་དང་འཇར་པན་གྱི་དུས་རབས་ཉེར་གཅིག་པའི་མཛའ་མཐུན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཕྱོགས་གཉིས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་། འདི་ནི་བུན་ཅ་པའོ་ཡིས་འཇར་པན་ཕྱོགས་ཀྱི་དབུ་བཞུགས་ཨུ་ཡོན་ཞི་ཧྲི་ཐེ་སན་ལ་མཇལ་འཇལ་འཕྲད་གནང་བའི་ཚུལ་རེད།

ཟླ2པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་པེ་ཅིན་གྱི་་ནན་ཧེ་ཙི་ཀོང་ཀི་ནས་སྐབས་ལྔ་བའི་ཀྲུང་གོ་དང་འཇར་པན་གྱི་དུས་རབས་ཉེར་གཅིག་པའི་མཛའ་མཐུན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཕྱོགས་གཉིས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་ཚེས8ཉིན་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སྐབས་ལྔ་བའི་ཀྲུང་གོ་དང་འཇར་པན་གྱི་དུས་རབས་ཉེར་གཅིག་པའི་མཛའ་མཐུན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཕྱོགས་གཉིས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་།
བུན་ཅ་པའོ་ཡིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་རྨང་གཞི་མི་དམངས་ཀྱི་ཐོག་ཏུ་ཡོད་པ་དང་། རེ་བ་དང་མ་འོངས་པ་ཡང་མི་དམངས་ཀྱི་ཐོག་ཏུ་ཡོད། ཕྱོགས་གཉིས་ཀྱིས་ལོ་རྒྱུས་དཔྱད་གཞིར་བཟུང་ཞིང་མ་འོངས་པར་ཁ་ཕྱོགས་ཤིང་། ཨེ་ཤ་ཡ་དང་འཛམ་གླིང་གི་ཆེ་ཕྱོགས་ལ་དམིགས་ཏེ། འབྲེལ་ཡོད་གནད་དོན་ཐག་གཅོད་པ་དང་། བརྗེ་རེས་དང་མཉམ་ལས་གཙིགས་སུ་བཟུང་ཞིང་། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས། ཀྲུང་གོ་དང་འཇར་པན་གྱི་དུས་རབས་ཉེར་གཅིག་པའི་མཛའ་མཐུན་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་གཉིས་བར་གྱི་ཟམ་པ་ལྟ་བུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཟམ་པ་ལྟ་བུ་ཡིན། སྐབས་གསར་བའི་ཨུ་ཡོན་ལྷན་ཁང་གི་བྱ་བ་མགོ་བཟང་པོ་བརྩམས་པ་དང་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཕྱོགས་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཐུབ་པར་ཡིད་ཆེས་ཡོད།
འཇར་པན་ཕྱོགས་ཀྱི་ཨུ་ཡོན་ཚོས་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་ཀྲུང་གོ་དང་སེམས་ཤུགས་གཅིག་མཐུན་གྱིས་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་ལས་དོན་གོང་འཕེལ་དུ་གཏོང་བར་བྱས་རྗེས་འཇོག་དགོས། །
