༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་ནང་གསར་འགྱུར།
སྐབས་ལྔ་བའི་ཀྲུང་གོ་དང་འཇར་པན་མཛའ་མཐུན་དུས་རབས་ཉེར་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་ནས་ཚོགས་མགོ་བརྩམས་པ།
ལོ་ཙཱ་བ། བདེ་སྐྱིད་འཚོ། 2010-02-09 09:44 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ལྔ་བའི་ཀྲུང་གོ་དང་འཇར་པན་མཛའ་མཐུན་དུས་རབས་ཉེར་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཚེས7ཉིན་པེ་ཅིན་ཏོའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནས་ཚོགས་མགོ་བརྩམས། ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པོ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅིག་ཧྲན་ཡིག་ཅི་ཧྥུའུ་རྣམ་གཉིས་ཀྱིས་སོ་སོར་རྟེན་འབྲེལ་ཞུ་བའི་གྲོག་འཕྲིན་བཏང་ཡོང་། ཀྲུང་གོ་ཕྱོགས་ཀྱི་དབུ་བཞུགས་ཨུ་ཡོན། སྔོན་ཆད་ཀྱི་རྒྱལ་སྲིད་ཨུ་ཡོན་ཐང་ཅ་ཞོན་དང་འཇར་པན་ཕྱོགས་ཀྱི་དབུ་བཞུགས་ཨུ་ཡོན། ཏུང་ཅིན་དངུལ་འཛིན་ཉོ་ཚོང་ཁང་གི་ཚོགས་གཙོ་ཞི་ཧྲི་ཐེ་སན་སོགས་ཀྱིས་སོ་སོར་ཚོགས་པ་ཁྲིད་དེ་ཚོགས་འདུར་ཞུགས། བུན་ཅ་པོ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་དོན། དུས་རབས་འདིའི་སྔོན་གྱི་ལོ་བཅུའི་ནང་དུ ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཀྱག་ཀྱོག་དང་རྙོག་འཛིང་ཆེ་བའི་དོན་དག་མང་པོ་བརྒྱུད་རྗེས། འཐབ་ཇུས་གཉིས་ཕན་འབྲེལ་བའི་དམིགས་འབེན་ཕྱོགས་སུ་གོམ་པ་གལ་ཆེན་སྤོས། གྲུབ་འབྲས་ཐོབ་སླ་མོ་ཞིག་མིན་པས། འཕེལ་ཕྱོགས་ནི་འགོག་ཐབས་མེད་པ་ཞིག་རེད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་འགྲན་རྩོད་ཆེན་པོར་ཁ་ཕྱོགས་ཏེ། ཕྱོགས་གཉིས་ཀྱིས་རྒྱང་རིང་ལ་དམིགས་ཏེ་ཕན་ཚུན་ལ་ཡིད་ཆེས་བྱེད་པ་ཇེ་ཟབ་ཏུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཁྱབ་ཁོངས་སོ་སོའི་གྲོས་མོལ་དང་མཉམ་ལས་ལ་ཡར་སྐུལ་བྱེད་དགོས། དེ་ནི་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་ཨེ་ཤ་ཡ་དར་སྤེལ་གཏོང་བར་ཕན་པ་ཡོད་པར་མ་ཟད། འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་རྣམ་པར་དགེ་མཚན་ལྡན་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས། ཀྲུང་གོ་དང་འཇར་པན་མཛའ་མཐུན་དུས་རབས་ཉེར་གཅིག་པའི་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་གཉིས་བར་འབྲེལ་འདྲིས་བྱེད་ས་གཙོ་བོ་ཞིག་ཡིན་ལ། སྲིད་གཞུང་དང་སྤྱི་ཚོགས་བར་འབྲེལ་གཏུག་བྱེད་ས་གལ་ཆེན་ཞིག་ཀྱང་ཡིན་ཟེར། ཅིག་སན་ཡི་ཅི་ཧྥུའུ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་དུ་བཤད་དོན། འཇར་པན་དང་ཀྲུང་གོ་གཉིས་ནི་ཡ་གླིང་གི་རྒྱལ་ཁབ་གལ་ཆེན་གཉིས་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཨེ་ཤ་ཡ་དང་འཛམ་གླིང་གི་མཐོང་རྒྱའི་ཁྲོད་དུ་བཞག་པ་དང་། ཕན་ཚུན་བར་རྒྱུས་ལོན་དང་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཕྱོགས་ཡོངས་ནས་འཇར་པན་དང་ཀྲུང་གོ་བར་གྱི་འཐབ་ཇུས་གཉིས་ཕན་འབྲེལ་བ་འཛུགས་དགོས་པ་དང་། ཕྱོགས་གཉིས་ཀྱི་ཨུ་ཡོན་གྱིས་མ་འོངས་པར་ཁ་ཕྱོགས་ཏེ་བརྗེ་རེས་མང་པོ་བྱས་ནས། འཇར་པན་དང་ཀྲུང་གོ་བར་གྱི་འབྲེལ་བ་ཡུན་རིང་དུ་འཕེལ་རྒྱས་སུ་གཏོང་བར་བློ་འདོན་ཇུས་འབུལ་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག