༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་ནང་གསར་འགྱུར།
བུན་ཅ་པའོ་ཡིས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད་ཅེས་པའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་མཛད་པ།
ལོ་ཙཱ་བ། བསོད་ནམས་ཚེ་རིང་། 2010-02-08 10:08 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་ཟླ1པོའི་ཚེས11ཉིན་ནས་ཟླ2པའི་ཚེས6ཉིན་བར་ཀྲུང་ནན་ཧེ་ནས་སྔ་གཞུག་ཏུ་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བསྡུས་ཏེ། གཏན་འབེབས་བྱེད་བཞིན་པའི་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་འགོད་རྩ་གནད་ཅེས་པའི་ཐད་ནས་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣའི་བསམ་འཆར་དང་གྲོས་གཞི་ལ་ཉན། བཞུགས་མོལ་ཚོགས་འདུའི་སྟེང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་གྱི་འཐུས་མི། སློབ་གསོའི་ཆེད་མཁས་པ། ཤེས་ལྡན་པ། སློབ་གྲྭ་ཆེ་འབྲིང་གི་སློབ་མ། སློབ་མའི་ཁྱིམ་བདག་གི་འཐུས་མི། སློབ་གསོ་དོ་དམ་ཁོངས་གཏོགས་ཀྱི་འགན་ཁུར་མི་སྣ་བཅས་ཀྱིས་རང་རང་གི་ལྟ་ཚུལ་རྒྱས་བཤད་བྱས་པར་མ་ཟད། སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཐད་བསམ་འཆར་དང་གྲོས་གཞི་མང་བོ་བཏོན།།

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག