༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་ནང་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་མཐར་ཕྱིན་པའི་མཛད་སྒོའི་སྟེང་གསུང་བཤད་གནང་བ།
ལོ་ཙཱ་བ། བསོད་ནམས་ཚེ་རིང་། 2010-02-08 10:08 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཚེས7ཉིན་གྱི་སྔ་དྲོར་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་མཐར་ཕྱིན་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁ་ཕྱོགས་ལ་འབྲེལ་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ཞིང་། ཏང་གིས་སྲིད་འཛིན་པའི་ནུས་པ་འཛུགས་སྐྲུན་དང་སྔོན་ཐོན་རང་བཞིན་གྱི་འཛུགས་སྐྲུན་ཐད་བཏོན་པའི་རེ་བ་གསར་བ་ཞིག་ཀྱང་ཡིན་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ནན་ཏན་གྱིས་ལག་ལེན་དངོས་འབབ་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བའི་ལག་ལེན་ལ་ཤུགས་སྣོན་པ་དང་ཏང་གི་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་བ་ཟུང་འབྲེལ་དམ་པོ་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་བཅོས་བསྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབས་དགོས་པ་ནན་བཤད་མཛད།

ཐེངས་འདིའི་ཞིང་ཆེན་པུའུ་རིམ་པའི་མགོ་ཁྲིད་པ་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་དེ་ཟླ2པའི་ཚེས3ཉིན་ནས་ཚེས7ཉིན་བར་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་སྤེལ་བ་དང་། ཧུའུ་ཅིན་ཐའོ་དང་བུན་ཅ་པའོ། ལིས་ཁི་ཆང་སོགས་ཀྱིས་གསུང་བཤད་གལ་ཆེན་གནང་པར་མ་ཟད། ཁྲོན་ཆིན་དང་ལའོ་ཉིན། ཧྲང་ཧེ། ཀོང་ཞི། ཅང་སུའུ། ཧི་ནན། ཧྲན་ཞི། ཚོང་དོན་པུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། དེ་མིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འཐུས་མིས་ཚོགས་ཐོག་ནས་བརྗེ་རེས་གཏམ་བཤད་སྤེལ། །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག