
ཟླ2པའི་ཚེས6ཉིན། 2010ལོའི་དམག་དམངས་ཀྱིས་ལོ་སར་བསུ་བའི་རིག་རྩལ་དགོང་ཚོགས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཧུའུ་ཅིན་ཐའོ་དང་བུའུ་པང་གོ། བུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆང་། ཧི་གོ་ཆང་། ཀྲིག་ཡུང་ཁང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་སའི་དམག་དམངས་དང་མཉམ་དུ་ལོ་སར་བསུས། འདི་ནི་འཁྲབ་སྟོན་མཇུག་རྫོགས་རྗེས། ཧུའུ་ཅིན་ཐའོ་སོགས་ཀྱིས་འཁྲབ་གཉེར་བ་ཡོངས་དང་མཉམ་དུ་བླངས་པའི་པར་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2010ལོའི་དམག་དམངས་ཀྱིས་ལོ་སར་བསུ་བའི་རིག་རྩལ་དགོང་ཚོགས་ཚེས6ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཧུའུ་ཅིན་ཐའོ་དང་བུའུ་པང་གོ། བུན་ཅ་པའོ། ཅ་ཆིན་ལིན། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆང་། ཧི་གོ་ཆང་། ཀྲིག་ཡུང་ཁང་སོགས་ཀྱིས་རྒྱལ་སའི་དམག་དམངས་དང་མཉམ་དུ་དགའ་སྤྲོའི་ངང་ལོ་སར་བསུས།
འཁྲབ་སྟོན་མཇུག་རྫོགས་རྗེས། ཧུའུ་ཅིན་ཐའོ་སོགས་མགོ་ཁྲིད་བློ་མཐུན་གར་སྟེགས་སྟེང་ཕེབས་ཏེ། འཁྲབ་གཉེར་བ་རྣམས་ལ་བརྩེ་བའི་ཕྱག་འཇུ་གནང་ནས། འཁྲབ་སྟོན་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས།
རྒྱལ་ཡོངས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་བྱ་བའི་མགོ་ཁྲིད་ཚན་ཆུང་དང་། དམངས་སྲིད་པུའུ། རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། བཅིངས་འགྲོལ་དམག་སྤྱིའི་ཆབ་སྲིད་པུའུ་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་དམག་དམངས་ཀྱིས་ལོ་སར་བསུ་བའི་རིག་རྩལ་དགོང་ཚོགས་ད་བར་དུ་ཐེངས་ཉེར་གཅིག་ལ་བསྡུས། ད་ལོའི་དགོང་ཚོགས་དེས་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་རྒྱ་ཆེན་པོར་བརྟེན་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་པ། ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་མཛུབ་སྟོན་དུ་འཛིན་པ་དང་། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ཏེ། འཛུགས་སྐྲུན་དང་བཅོས་བསྒྱུར་གྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་སེལ་བ་དང་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་པའི་དགའ་འོས་པའི་རྣམ་པ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཡོད་ལ། དམག་ཡོངས་ཀྱི་དཔོན་དམག་གིས་དེང་རབས་གསར་བརྗེའི་དམག་མིའི་སྲོག་ཤིང་རིན་ཐང་ལྟ་བ་ཤུགས་ཆེན་པོས་སྐྱེད་བསྲིང་བྱས་ཏེ། དུས་རབས་གསར་བ་དང་དུས་རིམ་གསར་བའི་ང་ཚོའི་དམག་གི་ལོ་རྒྱུས་ལས་འགན་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པའི་རང་གཤིས་བཟང་པོ་མཚོན་ཡོད་ལ། རྒྱལ་ཡོངས་ཀྱི་དམག་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བ་ལེན་པར་འབད་བརྩོན་བྱེད་པ་དང་། མི་དམངས་ཀྱི་འཚོ་བ་བཟང་པོ་མངོན་འགྱུར་བྱེད་པར་དུས་རབས་ཀྱི་བསྟོད་གླུ་ཕུལ་ཡོད། །
