༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང་ Internet Explorer 7 བཅས་སྤྱོད་རོགས་གནང་།
中国藏族网通
li མདུན་ཤོག - གསར་འགྱུར།- རྒྱལ་ནང་གསར་འགྱུར།
བུན་ཅ་པའོ་ཡིས་ཡ་མེ་ཅ་རྒྱལ་ཁབ་ཀྱི་ཙུང་ལི་ཀིར་ཏེན་ལ་གྲོས་མོལ་མཛད་པ།
ལོ་ཙཱ་བ། ཕྱུག་ལོ། 2010-02-05 09:40 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

ཟླ2པའི་ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡ་མེ་ཅ་རྒྱལ་ཁབ་ཀྱི་ཙུང་ལི་ཀིར་ཏེན་ལ་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་བུན་ཅ་པའོ་ཡིས་ཚེས3ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཡ་མེ་ཅ་རྒྱལ་ཁབ་ཀྱི་ཙུང་ལི་ཀིར་ཏེན་ལ་གྲོས་མོལ་མཛད།

བུན་ཅ་པའོ་ཡིས་གསུངས་རྒྱུར། ཡ་མེ་ཅ་ནི་ཆེས་ཐོག་མར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་ཅ་ལེ་པེ་ས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན་ལ། ཡུན་རིང་པོར་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཉེ་བའི་ལོ་འགར་ཀྲུང་གོ་དང་ཡ་མེ་ཅ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་མཛའ་མཐུན་གྲོགས་པོའི་འབྲེལ་བ་འཛུགས་པར་འབད་བརྩོན་བྱས་པས། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་ཡོད། ཀྲུང་གོས་ཡ་མེ་ཅ་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་སྲུང་འཛིན་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གཞོགས་འདེགས་དང་མཐུན་སྦྱོར་ཇེ་ཟབ་ཏུ་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཀིར་ཏེན་གྱིས་ཡ་མེ་ཅ་ཡིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་རྒྱུ་ཡིན། ཡ་མེ་ཅ་ཡིས་ཀྲུང་གོའི་བར་གྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། འཕེལ་རྒྱས་སུ་འགྲོབ་ཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བཤད། །

པར་དབང་གསལ་བསྒྲགས། རང་རེའི་དྲ་བ་ངོ་སྤྲོད། འབྲེལ་གཏུགས་བྱེད་ཚུལ།
གློག་འཕྲིན་ཡིག་སྒམ། tibet3@126.com ཁ་པར། 0971-8455441
©2008 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག