ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཟླ1པོའི་ཚེས31ཉིན་ནས་ཟླ2པའི་ཚེས2ཉིན་བར་ཧི་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། རྟོག་ཞིབ་མཛད་སྐབས་ཁོང་གིས་ཚན་རིག་གི་འཕེལ་རྒྱས་ལྟ་བར་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱ་འགུལ་ནས་བླངས་པའི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། འཕེལ་རྒྱས་དང་བརྟན་འཇགས་ཀྱི་དོན་ཆེན་གཉིས་དམ་འཛིན་བྱེད་པར་གཅིག་གྱུར་བཀོད་འདོམ་བྱས་ཏེ། མི་དམངས་ལ་ཕན་འབྲས་སྔར་ལས་མང་བོ་ཐོབ་པ་དང་སྤྱི་ཚོགས་སྔར་ལས་བརྟན་འཇགས་ཡོང་བར་བྱེད་དགོས་པ་ནན་བཤད་མཛད། །
