

ཅ་ ཆིན་ ལིན་ གྱིས་ ཐེ་ ཝན་ གྱི་ གྲངས་ ཉུང་ མི་ རིགས་ ཀྱི་ འཐུས་ མིའི་ འཚམས་ འདྲི་ ཚོགས་ པར་ མཇལ་ འཕྲད་ གནང་ བ། |
| ལོ་ཙཱ་བ། ཕྱུག་ལོ། 2009-12-22 10:03 མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། |
![]() ཟླ 12 པའི་ ཚེས 21 ཉིན། ཀྲུང་ གུང་ ཀྲུང་ དབྱང་ ཆབ་ སྲིད་ ཅུའི་ རྒྱུན་ ལས་ ཨུ་ ཡོན། རྒྱལ་ ཡོངས་ སྲིད་ གྲོས་ ཀྱི་ ཀྲུའུ་ ཞི་ ཅ་ ཆིན་ ལིན་ གྱིས་ པེ་ ཅིན་ མི་ དམངས་ ཚོགས་ ཁང་ ཆེན་ མོའི་ ནང་ ཐེ་ ཝན་ གྱི་ གྲངས་ ཉུང་ མི་ རིགས་ ཀྱི་ འཐུས་ མིའི་ འཚམས་ འདྲི་ ཚོགས་ པར་ མཇལ་ འཕྲད་ གནང་། ![]()
ཞིན་ ཧྭ་ གསར་ འགྱུར་ ཁང་ གི་ གློག་ འཕྲིན་ ལྟར། ཀྲུང་ གུང་ ཀྲུང་ དབྱང་ ཆབ་ སྲིད་ ཅུའི་ རྒྱུན་ ལས་ ཨུ་ ཡོན། རྒྱལ་ ཡོངས་ སྲིད་ གྲོས་ ཀྱི་ ཀྲུའུ་ ཞི་ ཅ་ ཆིན་ ལིན་ གྱིས་ ཚེས 21 ཉིན་ པེ་ ཅིན་ མི་ དམངས་ ཚོགས་ ཁང་ ཆེན་ མོའི་ ནང་ ཐེ་ ཝན་ གྱི་ གྲངས་ ཉུང་ མི་ རིགས་ ཀྱི་ འཐུས་ མིའི་ འཚམས་ འདྲི་ ཚོགས་ པར་ མཇལ་ འཕྲད་ གནང་། ཅ་ ཆིན་ ལིན་ གྱིས་ ཐེ་ ཝན་ གྱི་ གྲངས་ ཉུང་ མི་ རིགས་ ནི་ ཀྲུང་ ཧྭ་ མི་ རིགས་ ཀྱི་ ཁྱིམ་ གཞི་ ཆེན་ མོའི་ ཁོངས་ མི་ གལ་ ཆེན་ ཡིན་ ལ། དོན་ དངོས་ ལས་ ཐེ་ ཝན་ གྲངས་ ཉུང་ མི་ རིགས་ ཀྱི་ སྤུན་ ཟླས་ ཀྲུང་ ཧྭ་ མི་ རིགས་ ཀྱི་ དར་ རྒྱས་ གོང་ འཕེལ་ དང་། མཚོ་ འགག་ འགྲམ་ གཉིས་ ཀྱི་ འབྲེལ་ བའི་ ཞི་ བའི་ འཕེལ་ རྒྱས། ཐེ་ ཝན་ གྱི་ དར་ རྒྱས་ གོང་ འཕེལ་ བཅས་ ཀྱི་ ཆེད་ དུ་ བྱས་ རྗེས་ འབུར་ ཐོན་ བཞག་ ཡོད་ པ་ ར་ སྤྲོད་ བྱས་ ཡོད་ ཅེས་ གསུངས།
|