ཞིན་ ཧྭ་ གསར་ འགྱུར་ ཁང་ གི་ གློག་ འཕྲིན་ ལྟར ། ཀྲུང་ དབྱང་ དྲིལ་ སྒྲོག་ པུའུ་ དང་ བཅིངས་ འགྲོལ་ དམག་ སྤྱིའི་ ཆབ་ སྲིད་ པུའུ། གུང་ གཞོན་ ཚོགས་ པ་ ཀྲུང་ དབྱང་ ཨུ་ ཡོན་ ལྷན་ ཁང་ བཅས་ ཀྱིས་ ཚེས 23ཉིན་ མཉམ་ འབྲེལ་ སྒོས་ མིག་ དཔེ་ བསྟན་ ནས་ དེང་ རབས་ གསར་ བརྗེ་ དམག་ མིའི་ སྲོག་ ཤིང་ གི་ རིན་ ཐང་ ལྟ་ བ་ ལག་ ལེན་ བྱས་ པའི་ ཕུལ་ བྱུང་ བཀོད་ འདོམས་ པ། བློ་ མཐུན་ ཚེ་ ཡེ་ ཆིན་ གྱི་ སྔོན་ ཐོན་ བྱས་ རྗེས་ ཡར་ ཞུ་ བྱེད་ པའི་ ཚོགས་ འདུ་ བསྡུས། ཀྲུང་ གུང་ ཀྲུང་ དབྱང་ ཆབ་ སྲིད་ ཅུའི་ ཨུ་ ཡོན། ཀྲུང་ དབྱང་ དམག་ དོན་ ཨུ་ ཡོན་ ལྷན་ ཁང་ གི་ ཀྲུའུ་ ཞི་ གཞོན་ པ་ ཞུའུ་ ཚེ་ ཧི་ ཡིས་ སྙན་ ཞུ་ ཚོགས་ འདུ་ མ་ ཚོགས་ པའི་ སྔོན་ ལ་ སྙན་ ཞུ་ ཚོགས་ པའི་ ཁོངས་ མི་ རྣམས་ ལ་ ཐུག་ འཕྲད་ བྱས། ཁོས་ བཤད་ རྒྱུར། དམག་ དཔུང་ ཡོངས་ དང་ དྲག་ ཆས་ ཉེན་ རྟོག་ དམག་ དཔུང་ གིས་ བློ་ མཐུན་ ཚེ་ ཡེ་ ཆིན་ ལ་ སློབ་ སྦྱོང་ བྱེད་ པའི་ བྱ་ འགུལ་ རྒྱ་ ཆེར་ སྤེལ་ ཏེ་ སྔར་ ལས་ རང་ རྟོགས་ ཀྱིས་ ཀྲུང་ གོའི་ ཁྱད་ ཆོས་ ཀྱི་ སྤྱི་ ཚོགས་ རིང་ ལུགས་ ཀྱི་ རླབས་ ཆེན་ དར་ ཆ་ མཐོན་ པོར་ བསྒྲེང་ པ་ དང་། མཚོན་ བྱེད་ གསུམ་ གྱི་ དགོངས་ པ་ གལ་ ཆེན་ མཛུབ་ སྟོན་ དུ་ འཛིན་ པ་ རྒྱུན་ འཁྱོངས་ དང་ ཚན་ རིག་ གི་ འཕེལ་ རྒྱས་ ལྟ་ བ་ ལག་ ལེན་ མཐར་ ཕྱིན་ དང་ དངོས་ འབེབས་ བཟང་ བོ་ བྱེད་ དགོས་ ལ། ཏང་ གི་ སྐབས་ བཅུ་ བདུན་ པའི་ ཀྲུང་ ཨུ་ ཚང་ འཛོམས་ གྲོས་ ཚོགས་ ཐེངས་ བཞི་ བའི་ དགོངས་ དོན་ ནན་ ཏན་ སྒོས་ དངོས་ འབེབས་ བྱས་ ཏེ། དཀའ་ སྤྱད་ འབད་ བརྩོན་ དང་ གསར་ གཏོད་ བརྩོན་ ལེན་ བྱས་ ནས། དམག་ དཔུང་ གི་ འཛུགས་ སྐྲུན་ དང་ རང་ རེའི་ དམག་ དཔུང་ གི་ ལོ་ རྒྱུས་ འགན་ འཁྲི་ ལག་ བསྟར་ བྱེད་ པའི་ ཐད་ ལ་ བྱས་ རྗེས་ སྔར་ ལས་ ཆེན་ པོ་ འཇོག་ དགོས་ ཟེར།
ཀྲུང་ དབྱང་ དྲིལ་ སྒྲོག་ པུའུ་ ཡི་ པུའུ་ ཀྲང་ གཞོན་ པ་ ཀྲེ་ བེ་ ཧྭ་ ཡིས་ སྙན་ ཞུ་ ཚོགས་ འདུར་ འགོ་ འཛིན་ བྱས་ པ་ དང་། བཅིངས་ འགྲོལ་ དམག་ སྤྱིའི་ ཆབ་ སྲིད་ པུའུ་ ཡི་ ཀྲུའུ་ རིན་ གཞོན་ པ་ ལིག་ ཡུང་ ཀྲི་ ཡིས་ སྙན་ ཞུ་ ཚོགས་ འདུའི་ སྟེང་ གཏམ་ བཤད། རྒྱལ་ སའི་ མཐོ་ རིམ་ སློབ་ གྲྭའི་ ན་ གཞོན་ སློབ་ མ་ དང་ པེ་ ཅིན་ དུ་ ཡོད་ པའི་ དམག་ དཔུང་ གི་ དཔོན་ དམག་ གི་ འཐུས་ མི་ བརྒྱད་ བརྒྱ་ ལྷག་ གིས་ སྙན་ ཞུ་ ལ་ ཉན། །