ཞིན་
ཧྭ་
གསར་
འགྱུར་
ཁང་
གི་
གློག་
འཕྲིན་
ལྟར།
ཀྲུང་
གུང་
ཀྲུང་
དབྱང་
ཆབ་
སྲིད་
ཅུའི་
རྒྱུན་
ལས་
ཨུ་
ཡོན།
རྒྱལ་
སྲིད་
སྤྱི་
ཁྱབ་
ཁང་
གི་
ཙུང་
ལི་
གཞོན་
པ་
ལིས་
ཁི་
ཆང་
ཚེས
8
ཉིན་
ཀྲུང་
གོ་
དང་
འཇར་
པན་
གྱི་
ནུས་
ཁུངས་
གྲོན་
ཆུང་
དང་
ཁོར་
ཡུག་
སྲུང་
སྐྱོབ་
ཀྱི་
ཕྱོགས་
བསྡུས་
གླེང་
སྟེགས་
སྐབས་
བཞི་
བ་
འགོ་
རྩོམ་
པའི་
མཛད་
སྒོར་
ཞུགས་
པར་
མ་
ཟད་
གསུང་
བཤད་
གནང་།
ཁོང་
གིས་
མུ་
མཐུད་
དུ་
རྒྱལ་
སྤྱིའི་
དངུལ་
ལོར་
ཉམས་
ཉེན་
ཐག་
གཅོད་
པའི་
གནས་
ཚུལ་
འོག་
རྗེས་
ཕྱོགས་
ཀྱི་
ཉམས་
ཉེན་
ལ་
བསམ་
བློ་
གཏོང་
དགོས་
པ་
དང་།
ཐ་
ན་
དུས་
ཡུན་
ངེས་
ཅན་
ཞིག་
གི་
འཕེལ་
རྒྱས་
འགྱུར་
ལྡོག་
ལ་
བསམ་
བློ་
གཏོང་
དགོས་
པས།
ང་
ཚོས་
ཡོང་
འབབ་
འཕར་
བར་
འགན་
སྲུང་
དང་
གྲུབ་
ཚུལ་
ལེགས་
སྒྲིག་
བྱེད་
པ་
ཟུང་
འབྲེལ་
དམ་
པོ་
བྱེད་
པ་
དང་།
ནུས་
ཁུངས་
གྲོན་
ཆུང་
བྱེད་
པའི་
ཐོན་
ཁུངས་
ལ་
མཐོང་
ཆེན་
དང་
རྒྱུན་
མཐུད་
འཕེལ་
རྒྱས་
ནུས་
པ་
ཇེ་
དྲག་
ཏུ་
བཏང་
སྟེ།
དཔལ་
འབྱོར་
དུས་
ཡུན་
རིང་
བོར་
མགྱོགས་
མྱུར་
ངང་
འཕེལ་
རྒྱས་
སུ་
འགྲོ་
བ་
སྲུང་
འཛིན་
བྱེད་
དགོས་
ཞེས་
གསུང་།
།
