ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྐབས་དང་པོའི་སྨྱན་བྱད་མཐོ་རིམ་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྐབས་དང་པོའི་སྨྱན་བྱད་མཐོ་རིམ་གྲོས་ཚོགས་ཟླ་དྲུག་པའི་ཚེས་གཅིག་ཉིན་པེ་ཅིན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

འཕྲིན་ཡིག་ནང་བཀོད་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྐབས་དང་པོའི་མཐོ་རིམ་གྲོས་ཚོགས་ཚོགས་མགོ་རྩོམ་པའི་སྐབས་འདིར། ངས་གྲོས་ཚོགས་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། གྲོས་ཚོགས་སུ་ཞུགས་པའི་གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་དགའ་བསུ་ཞུས་པ་ཡིན་གསུང་།

ད་ལྟའི་འཛམ་གླིང་དུ་སྤྱི་ཚོགས་ཆ་འཕྲིན་ཅན་དུ་བསྒྱུར་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད་ལ། སྨྱན་བྱད་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་བར་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་ཉིན་རེ་བཞིན་གལ་ཆེ་བའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། ལོ་གཅིག་གི་སྔོན་ལ། ངས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྐབས་དང་པོའི་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་བཏོན་པའི་དམིགས་ཡུལ་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མི་གཞུང་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དེ་ཡིན་ལ། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་རྩ་འཛུགས་ཀྱི་སྟོབས་ཤུགས་གཅིག་བསྡུ་བྱེད་པ་དང་ནུས་པ་བཟང་བོ་འདོན་སྤེལ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད།

ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་སུ་གཏོང་བར་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱས་ནས། ཕྱོགས་སོ་སོ་དང་མཉམ་དུ་སྔར་ལས་བཟང་བོའི་ས་ཁུལ་གྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་ཟེར།

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྐབས་དང་པོའི་མཐོ་རིམ་སྨྱན་བྱད་མཐོ་རིམ་གྲོས་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུས་པ་ཡིན་གསུང་། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།