ཀྲུང་གོ་བོད་ཀྱི་དྲ་བ།

ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་གིས་ཞི་ཅིན་ཕེན་ལ་“ཝང་ཀོན་གཟེངས་རྟགས”གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཏུའུ་ཧྲང་པེར་མཛད་སྒོར་ཕེབས་ནས་ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལཱ་ཧོར་མོང་གིས“ཝང་ཀོན་གྱི་གཟེངས་རྟགས”གནང་བ་དང་ལེན་བྱས་པ་རེད།

 1560739437935200.jpg

ཟླ6པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཏུའུ་ཧྲང་པེར་མཛད་སྒོར་ཕེབས་ནས་ཐ་ཅི་ཁེ་སི་ཐན་ཙུང་ཐུང་ལཱ་ཧོར་མོང་གིས“ཝང་ཀོན་གྱི་གཟེངས་རྟགས”གནང་བ་དང་ལེན་བྱས་པ་རེད།

བྱས་རྗེས་གཟེངས་རྟགས་སྤྲོད་པའི་མཛད་སྒོ་དེ་ཙུང་ཐུང་ལས་ཤག་ཏུ་འཚོགས་པ་རེད། ཐ་ཅི་ཁེ་སི་ཐན་གྱི་ལས་བྱེད་པས་གཟེངས་རྟགས་སྤྲོད་པའི་ཙུང་ཐུང་གི་བཀའ་རྒྱ་སྒྲོག་རྗེས་ལཱ་ཧོར་མོང་གིས་ཞི་ཅིན་ཕེན་ལ་ཐ་ཅི་ཁེ་སི་ཐན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཆེས་མཐོ་ཤོས་ “ཝང་ཀོན་བྱ་དགའ”སྤྲད་པ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་དང་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

ལཱ་ཧོར་མོང་གིས་ཞི་ཅིན་ཕེན་གྱིས་ཐ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་འབྲེལ་ཀྲུའུ་ཞི་ཞི་ཅིན་ཕེན་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བར་སྣེ་ཁྲིད་གནང་ནས་འཕེལ་རྒྱས་དེ་བས་ཆེ་བ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

 1560739437787080.jpg

ཟླ་6ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཏུའུ་ཧྲང་པེར་གྱི་མཛད་སྒོར་ཕེབས་ནས་ཐ་ཅི་ཁེ་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས“ཝང་ཀོན་གྱི་གཟེངས་རྟགས”གནང་བ་དང་ལེན་བྱས་པ་རེད། 

ཞི་ཅིན་ཕེན་གྱིས་ཙུང་ཐུང་ལཱ་ཧོ་མོང་གིས་ང་ལ“ཝང་ཀོན་གྱི་གཟེངས་རྟགས”གནང་བ་དེས་ཐ་ཅི་ཁེ་སི་ཐན་གྱི་མི་དམངས་ཡོངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་པས་ངས་དེར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ངས་ཙུང་ཐུང་ལཱ་ཧོ་མོང་དང་མཉམ་དུ་ཀྲུང་གོ་དང་ཐ་ཅི་ཁེ་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།