ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁ་ཐར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཐཱ་མིས་མུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124628009_15606125409131n.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ས་དེའི་ཚེས་བཅོ་ལྔ་ཉིན་ཏུའུ་ཧྲང་པིའེ་ནས་ཁ་ཐར་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཐཱ་མིས་མུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གིས་འགོ་ཁྲིད་པ་ཐཱ་མིས་མུའུ་ཡིས་ཀྲུང་གོ་དང་ཁ་ཐར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ཤུགས་བཏོན་པར་བསྔགས་བརྗོད་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་དང་པོར་ཐཱ་མིས་མུའུ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ངེད་གཉིས་ཀྱིས་གནས་བབ་གསར་བའི་འོག་ཀྲུང་གོ་དང་ཁ་ཐར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་མ་ཟད། ཐུན་མོང་གི་ལྟ་བ་བྱུང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་ཀྱིས་ནུས་ཁུངས་དང་དཔལ་འབྱོར་ཉོ་ཚོང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། དངུལ་གཏོང་། སྤོ་སྒུལ་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་མཉམ་ལས་མྱུར་དུ་སྤེལ་དགོས། ཕྱོགས་གཉིས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ང་ཚོས་ཁ་ཐར་གྱིས་ཀྲུང་གོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་ཐལ་སྤྱོད་ཅན་མེད་པར་བཟོ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཁ་ཐར་དང་མཉམ་དུ་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཐཱ་མིས་མུའུ་ཡིས་བསྟན་དོན། ཁ་ཐར་དང་ཀྲུང་གོའི་འབྲེལ་བར་འཐབ་ཇུས་རང་བཞིན་ལྡན་ལ། ངས་ད་ལོའི་ཟླ་དང་པོར་རྒྱལ་ཁའི་ངང་ཀྲུང་གོར་འཚམས་འདྲི་བྱས་པ་དང་། ཁ་ཐར་གྱིས་ཀྲུང་གོ་དང་མཉམ་དུ། དངུལ་གཏོང་དང་ནུས་ཁུངས་སོགས་ཁྱབ་ཁོངས་གཙོ་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མི་གཞུང་བརྗེ་རེས་ཇེ་དྲག་ཏུ་གཏོང་འདོད་ཡོད། ཁ་ཐར་གྱིས་ཀྲུང་གོས་བདག་དབང་ལ་སྲུང་སྐྱོབ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པར་འབད་འཐབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོས་རྒྱལ་སྤྱིའི་སྟེང་གྲོས་མོལ་བརྒྱུད་དེ་རྒྱལ་ཁབ་བར་གྱི་འགལ་རྩོད་ཐག་གཅོད་པའི་དྲང་གཞག་གི་ལངས་ཕྱོགས་ལ་གདེང་འཇོག་ཚད་མཐོན་པོ་བྱེད་པ་དང་། ཀྲུང་གོའི་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།