ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐུར་ཁེ་ཡི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124628003_15606124366441n.jpg

1124628003_15606124366461n.jpg

ས་དེའི་དུས་ཚོད་ཚེས་བཅོ་ལྔ་ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་ཧྲང་པིའེ་ནས་ཐུར་ཁེ་ཡི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་དེའི་ཚེས་བཅོ་ལྔ་ཉིན་ཏུའུ་ཧྲང་པིའེ་ནས་ཐུར་ཁེ་ཡི་ཙུང་ཐུང་ཨེ་ཨར་ཏོ་ཨན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ངས་ཀྲུང་གོ་དང་ཐུར་ཁེ་ཡི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། སྐུ་ཞབས་ཙུང་ཐུང་དང་མཉམ་དུ། ཕྱོགས་གཉིས་ཀྱི་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་བར་གྱི་ཡིད་རྟོན་དུ་བསྒྱུར་ནས། ཀྲུང་གོ་དང་ཐུར་ཁེ་ཡི་འཐབ་ཇུས་མཉམ་ལས་འབྲེལ་བའི་ཐད་ནས་ལེའུ་གསར་བ་འབྲི་བར་སྐུལ་འདེད་གཏོང་འདོད་ཡོད། མིག་སྔའི་གནས་བབ་འོག ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ནས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཐུར་ཁེ་ནི་སྲོལ་རྒྱུན་གྱི་དར་གོས་ཚོང་ལམ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཡིན་ལ། ང་ཚོས་ཐུར་ཁེའི་བར་གྱི་རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་ནང་གི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོ་དང་ཐུར་ཁེ་གཉིས་ཀ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་ཁྱབ་ཁོངས་ཀྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་དགོས་ཟེར།

ཨེ་ཨར་ཏོ་ཨན་གྱིས་ཞི་ཅིན་ཕིང་གི་གྲོས་གཞི་ལ་འཐད་པ་ཡིན་པའི་ཚུལ་བསྟན། ཁོས་ནན་གྱིས་བསྟན་དོན། ཐུར་ཁེས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་དགོས། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དེ་ཐུར་ཁེ་ལ་མཚོན་ན་ཧ་ཅང་གལ་ཆེ་བས། ཐུར་ཁེ་མཉམ་འཛུགས་མཉམ་ལས་ལ་ཞུགས་འདོད་ཡོད་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།